ལི་ཏུའུ་ཆུས་ཀྱིས་གཞུང་ལམ་བདེ་འཇགས་ཐད་ལ་ཞིབ་བཤེར་བྱས།
2021.02.19 ཁུངས། ཀློག་གྲངས། 60

ཉིན་འདི་འགར་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུས་འགྲིམ་འགྲུལ་སྐྱེལ་འདྲེན་ཅུའུ་ཡིས་ལི་ཏུའུ་སྐྱེལ་འདྲེན་ས་ཚིགས་དང་གླ་གཏོང་རླངས་འཁོར་ལས་རིགས། ཡི་ཏཱ་ཁ་ལོ་བའི་སློབ་གྲྭ་སོགས་གཞུང་ལམ་གྱི་སྐྱེལ་འདྲེན་ས་ཚིགས་དང་སྐྱེལ་འདྲེན་རླངས་འཁོར་གྱི་བདེ་འཇགས་ལ་ཞིབ་བཤེར་བྱས། མིག་སྔར་ཁྲིམས་མཐུན་མིན་པའི་སྐྱེལ་འདྲེན་རླངས་འཁོར་བརྒྱད་དང་གླ་གཏོང་རླངས་འཁོར་དང་དྲ་ལམ་ནས་རླངས་འཁོར་བཙལ་བ་སོགས་སྒྲིག་ལམ་དང་འགལ་བའི་སྤྱོད་ལམ་ཐེངས་བཅོ་ལྔ་རྩད་ཆོད་དེ་ཆད་པ་བཅད།

འགྲིམ་འགྲུལ་ཁྲིམས་འཛིན་སྡེ་ཁག་གིས་མེ་འཁོར་འབབ་ཚིགས་དང་མྱུར་ལམ་འབུད་སྒོ། གྲོང་གསེབ་གཞུང་ལམ། འགྲིམ་འགྲུལ་ལམ་ཐིག་གཙོ་བོ་དག་གཞིར་བཟུང་ནས་བཅོས་སྐྱོང་བྱས། འདིའི་ཡུན་ལ་ཁྲིམས་བསྟར་མི་སྣས་རིམས་ནད་སྔོན་འགོག་གི་འབྲེལ་ཡོད་རེ་འདུན་ལྟར། རླངས་འཁོར་ནང་གི་མིའི་ཐོབ་ཐང་ཞིབ་བཤེར་ལ་ཤུགས་སྣོན་པ་དང་ཁྲིམས་བཀོད་གོ་རིམ་ལྟར་ཁྲིམས་བསྟར་ནན་མོ་བྱེད་པ་དང་བདེན་དཔང་འཚོལ་སྡུད་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་བསྟར་བརྒྱུད་རིམ་ཧྲིལ་པོ་ཐོ་འགོད་དོན་འཁྱོལ་བྱེད་པ། འགྲོ་འོང་གི་རླངས་འཁོར་རེ་རེ་བཞིན་ཞིབ་བཤེར་བྱེད་པ། རླངས་འཁོར་ཆུང་གྲས་དང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་གཙོ་གནད་དུ་བཟུང་ནས་ལྟ་སྐུལ་དོ་དམ་དང་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ།གཟབ་ནན་གྱི་རྣམ་པ་དངོས་སུ་ཆགས་པར་བྱས།  འཛིན་ཡིག་མེད་པའི་རླངས་འཁོར་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པ་དང་དུས་མཚུངས་སུ་རྒྱ་ཆེའི་ཁ་ལོ་བར་འཛིན་ཡིག་མེད་པའི་རླངས་འཁོར་གྱིས་མི་སྒེར་གྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་གནོད་འཚེ་ཐེབས་པ་དང་གཞུང་ལམ་གཉེར་སྐྱོང་གི་སྒྲིག་ལམ་ལ་གནོད་པ་ཐེབས་ཚུལ་ཤེས་སུ་བཅུག་ནས། རྒྱ་ཆེའི་མང་ཚོགས་རྣམས་རང་འགུལ་ངང་འཛིན་ཡིག་མེད་པའི་རླངས་འཁོར་ལ་མི་འདུག་པ་དང་།འཛིན་ཡིག་མེད་པའི་རླངས་འཁོར་བཀག་འགོག་བྱེད་པ། ལག་ཁྱེར་རྫུན་མ་ཐེར་འདོན་བྱེད་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པར་བྱས་ཏེ་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་བདེ་འཇགས་ཡོང་བར་འགན་ལེན་བྱས།

                                                                                  མི་ཕམ་མགོན་པོས་བསྒྱུར།