2020ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་གྱིས་དམིགས་འབེན་དང་ལས་འགན་ལྷག་འགྲུབ་བྱས།
2021.02.20 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 67

གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། 2020ལོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་གྱིས་ལོ་ཧྲིལ་བོར་རྨོ་བསྐྱུར་རྩྭ་གསོ་དང་ས་ནག་ཐང་བཅོས་སྐྱོང་། སྡོང་ཕྲུག་རྟེན་གཞི་འཛུགས་སྐྲུན། རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་འགོག་བཅོས། བྱེ་ཐང་ཅན་གྱི་ས་ཞིང་འགོག་བཅོས། བརླན་ས་སྲུང་སྐྱོབ་སོགས་ཀྱི་ལས་གཞི་ལག་བསྟར་བྱས་ཏེ་ལས་གྲྭའི་རྣམ་གྲངས་ལ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུརདགུ་དང་བྱེ་བ་བརྒྱད་བཏང་སྟེ་ལོ་འཁོར་གྱི་མ་དངུལ་སྒོར་དུང་ཕྱུར9གཏོང་བའི་དམིགས་ཚད་འཛུགས་སྐྲུན་ལས་འགན་ལྷག་འགྲུབ་བྱས་ཏེ་ལོ་འཁོར་གྱི་དམིགས་ཚད་ལས་འགན109%ལེགས་འགྲུབ་བྱས།

2020ལོ་ནི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྐབས་གཉིས་པའི་བཟོ་སྐྲུན་འཆར་འགོད་མཇུག་བསྡུ་བའི་ལོ་ཡིན། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་དུས་ཚོད་ཐུང་བ་དང་ལས་འགན་ལྕི་བ། ལས་གཞི་ལག་བསྟར་བྱེད་རྒྱ་ཆེ་བ་བཅས་ཀྱི་གནས་ཚུལ་འོག རིམས་ནད་འགོག་སྡོམ་དང་ལས་གྲྭའི་རྣམ་གྲངས་ལག་བསྟར་བྱ་བ་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་མཐུན་སྦྱོར་ཚན་ཆུང་གཞུང་སྒྲུབ་ཁང་གིས2020ལོའི་ལོ་འཁོར་གྱི་བཟོ་སྐྲུན་ལས་གཞི་ལག་བསྟར་ལས་དོན་ལ་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། འབྲེལ་ཡོད་ཐིན་དང་ཅུའུ་ཡིས་བཟོ་སྐྲུན་ལག་བསྟར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ནས་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་བྱེད་ཐབས་དོན་འཁྱོལ་ནན་མོ་བྱས་ཏེ་ལས་གྲྭའི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱ་རྒྱུ་དམ་འཛིན་བྱས། ལས་གཞི་ཁུལ་གྱི་ཁུལ་སོ་སོའི་སྲིད་གཞུང་གིས་པྲོག་གསར་གློ་ཚད་རིམས་ནད་ལས་བྱུང་བའི་འགལ་རྐྱེན་སྣ་ཚོགས་ཁྱད་དུ་སེལ་ནས་རང་འགུལ་ངང་བྱས་རྗེས་བཞག་ནས་ལས་གཞིའི་ལས་སྒྲུབ་འཆར་འགོད་ཡིག་ཆ་བཟོ་བ་དང་ཞིབ་བཤེར་བྱེད་པ། ཆོག་མཆན་འགོད་པ་སོགས་དུས་མགོའི་ལས་དོན་ཏན་ཏིག་ངང་སྤེལ་། ལས་གཞི་ཁག་གི་ཨར་ལས་སྡེ་ཁག་གིས་ཀྱང་ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་བྱས་ནས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས་ལས་གྲྭའི་འཕེལ་རིམ་ཇེ་མགྱོགས་སུ་བཏང་སྟེ་སྐབས་གཉིས་པའི་བཟོ་སྐྲུན་བདེ་བླག་ངང་ལག་བསྟར་བྱེད་པར་འགན་ལེན་བྱས།

                                                                          མི་ཕམ་མགོན་པོས་བསྒྱུར།