མཚོ་སྔོན་ཞིང་ཆེན་གྱིས་བྱ་བ་གཙོ་བོ་བཅུ་ཡིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ལ་སྐུལ་འདེད་གཏོང་རྒྱུ་རེད།
2021.02.22 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 63

ཉེ་ལམ།  མཚོ་སྔོན་ཞིང་ཆེན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་སྲུང་སྐྱོབ་བྱ་བའི་གཙོ་གནད་ཅེས་པ་པར་སྐྲུན་འགྲེམ་སྤེལ་བྱས་ཏེ།   ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རིག་གནས་ཡུལ་སྐོར་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རིམ་པ་བཞི་བའི་མ་ལག་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་།     ཕྱོགས་བསྡུས་རང་བཞིན་གྱི་སྲུང་སྐྱོབ་མཐོར་འདེགས་གཏོང་བ།    གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཡུལ་སྐོར་མཉམ་བསྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ་སོགས་ཐད་ནས་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།

གསར་འགོད་པས་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ད་ལོར།  རང་ཞིང་གིས་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་སྲོལ་ཡིག་ཅེས་པ་ཕྱིར་བཏོན་ནས་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་བྱེད་ཐབས་སོགས་གཏན་འཁེལ་བྱེད་རྒྱུ་བྱེད་ཡིན་པ་དང་།   མཚོ་སྔོན་གཙག་དྲུབ་ཀྱི་མཐོར་འདེགས་ལོ་གསུམ་འགུལ་སྐྱོད་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ལ་རོགས་འདེགས་བྱེད་རྒྱུ་རེད།

གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མ་ལག་རང་བཞིན་གྱི་སྲུང་སྐྱོབ་བྱ་བའི་ཁྲོད།  མཚོ་སྔོན་ཞིང་ཆེན་གྱིས་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་ཀྱི་རིམ་པ་བཞི་བའི་མིང་དེབ་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།  ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་ཀྱི་མཚོ་སྔོན་ཞིང་ཆེན་གྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དར་སྤེལ་གཏོང་བའི་ཆེད་དོན་འཆར་འགོད་སྒྲིག་བཟོ་བྱེད་པ།  རྨ་ཆུའི་བཞུར་རྒྱུད་ཀྱི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་རྒྱུན་འཛིན་དར་སྤེལ་གཏོང་བ་བཅས་བྱས་ནས་རྨ་ཆུའི་བཞུར་རྒྱུད་ཀྱི་མཚོ་སྔོན་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་རྟོབ་ཞིབ་བྱ་བ་ཡོངས་འགྲུབ་བྱེད་རྒྱུ་རེད།

དེ་མིན།  རང་ཞིང་གིས་ད་རུང་རྒྱལ་ཁབ་རིམ་པའི་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་དོ་དམ་ལ་ཤུགས་སྣོན་པ་དང་།   རྒྱལ་ཁབ་རིམ་པའི་གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་དང་།    ཧུའུ་ཀྲུའུ་ཧོར་གྱི་རིག་གནས་དང་ཞོན་ཧྭ་ཟ་ལར་རིག་གནས་སོགས་ཞིང་ཆེན་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་རྒྱུ་རེད།   ཙོང་ཆུའི་རིག་གནས་སྲུང་སྐྱོབ་འཕེལ་རྒྱས་ཁྲོད།  རང་ཞིང་གིས་ཙོང་ཆུའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཁུལ་འཛུགས་པར་སྐུལ་འདེད་གཏོང་བ་དང་།    ཚོད་ལྟ་ཁུལ་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཁྱད་ལྡན་གྲོང་རྡལ་ཆུང་བ་དང་སྲང་ལམ་འཛུགས་སྐྲུན་བྱེད་པ་དང་།   མཚོ་སྔོན་གྱི་གཟུགས་འདས་ཤུལ་བཞག་ཁང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་རེད།

དེ་ལས་གཞན།  རང་ཞིང་གིས་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པའི་ཞིབ་འཇུག་གསོ་སྦྱོང་འཆར་གཞི་རྒྱུན་མཐུད་ངང་སྤེལ་ཏེ་ཞིབ་འཇུག་གསོ་སྦྱོང་སློབ་ཁྲིད་ཀྱི་ཚན་རིག་བཀོད་སྒྲིག་ཆུ་ཚད་མཐོར་འདེགས་གཏོང་རྒྱུ་རེད།

                                                                                                                     ལོ་ཙཱ་བ་ལྷ་མོ་ཚེ་རིང་།