མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚོགས་ཆུང་གིས་བཀོད་སྒྲིག་ཚོགས་འདུ་ཐེངས་བཞི་པ་བསྡུས།
2021.02.24 ཁུངས། ཀློག་གྲངས། 56

ཟླ2ཚེས23ཉིན། མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚོགས་ཆུང་གིས་བཀོད་སྒྲིག་ཚོགས་འདུ་ཐེངས་བཞི་པ་འཚོགས་ནས་དུས་འགོའི་བྱ་བ་ཕྱོགས་སྡོམ་དང་གོམ་པ་རྗེས་མའི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལི་ཅེ་ཞང་གིས་མགོ་འཛིན་བྱས་པ་དང་གཏམ་བཤད།ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན།ཧྲིན་ཀྲང་གཞོན་པ་ཝང་ལི་མིང་དང་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་ཡིས་གཏམ་བཤད།

ཚོགས་འདུའི་ཐོག་མུ་རི་གཏེར་ཁུལ་དང་མདོ་ལ་རིང་མོའི་ལྷོ་རྒྱུད་མཚོ་སྔོན་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་ཡོངས་ནས་བཅོས་སྐྱོང་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་ལ།མཚོ་སྔོན་གྱིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་ལ་མཐོང་ཆེན་བྱེད་པའི་བྱ་སྤྱོད་ཅིག་ཀྱང་རེད།འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་ལོ་གསུམ་གྱི་བྱ་བའི་ཇུས་གཞིའི་དམིགས་ཚད་དང་ལས་འགན་དོན་འཁྱོལ་ཡག་པོ་བྱས་ནས་འགག་རྩའི་ཁྱབ་ཁོངས་ལ་ལྟ་རྟོག་ནན་མོ་བྱེད་པ་དང་།ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོ་བ།སྡེ་ཁག་དབར་གྱི་མཉམ་འབྲེལ་ལ་ཤུགས་རྒྱག་པ།རྗེས་མཐུད་འགན་ལེན་ལ་ཤུགས་རྒྱག་པ།རྒྱུན་རིང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲུབ་འབྲས་གསར་བ་ལེན་དགོས་པར་བསྟན།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།ཞི་ཅིན་ཕིང་གིས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་ནན་ཏན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའིཏན་ཏན་ཏིག་ཏིག་བཞིའིབླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེཆེ་བ་གསུམགྱི་ཞིང་ཆེན་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོར་བྱེད་པ།དུས་གཏན་དུ་རྒྱལ་ཁབ་ཀྱི་བྱ་གཞག་ཆེན་མོ་སེམས་ལ་བཅངས་པ་དང་།དམིགས་ཚད་དང་གནད་དོན།མཇུག་འབྲས་བཅས་ཀྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས་འཕེལ་རིམ་གྱི་བླང་བྱ་ལྟར་ལས་འགན་ལེགས་སྒྲུབ་དངཕྱིར་མིག་ལྟ་བའིལས་དོན་ལ་སྐུལ་འདེད་གཏོང་དགོས།ཚན་རིག་དང་མཐུན་པའི་གཅིག་གྱུར་འཆར་འགོད་དང་སྟོབས་ཤུགས་གཅིག་བསྡུས་ཀྱིས་འགག་སྒྲོལ་བྱེད་པ།རྨང་གཞིའི་ལས་དོན་དམ་འཛིན་ཡག་པོ་བྱེད་པ།ལག་རྩལ་འགན་ལེན་ལ་ཤུགས་སྣོན་རྒྱག་པ།ཆེད་མཁས་ལག་ཤེས་པའི་ནུས་པ་འདོན་སྤེལ་བྱེད་པ།ལོ་འཁོར་གྱི་དོ་དམ་སྲུང་སྐྱོབ་ལ་དོ་སྣང་ཆེན་པོ་བྱེད་པ་བཅས་བྱས་ཏེ་རྩྭ་ཐང་བསྐྱར་སྐྲུན་གྱི་འགག་རྩའི་དམག་འཐབ་ཡག་པོ་རྒྱག་དགོས།གུ་ཡངས་དང་གཟབ་ནན་ཟུང་འབྲེལ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་ཁྲིམས་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ལ་གཏོར་བརླག་བྱས་པར་སྐྱིན་ཚབ་འཇལ་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་ཁག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས།ནམ་མཁའ་དང་ས་གཞི་ཡུག་གཅིགགི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་དྲ་རྒྱའི་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགན་ལེན་དོན་འཁྱོལ་བྱེད་དགོས།

                                                                                          ལོ་ཙཱ་བ། མི་ཕམ་མགོན་པོ།