རང་ཞིང་གིས་དབུལ་ཕོངས་མི་གྲངས་འབུམ་གསུམ་གྱི་བཏུང་ཆུ་བདེ་འཇགས་ལ་འགན་སྲུང་བྱས།
2021.02.26 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 51

ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། གསར་འགོད་པས་ཞིང་ཆེན་ཆུ་བེད་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་སྐབས་སུ། ཞིང་ཆེན་ཆུ་བེད་ཐིན་གྱིས་གསར་འཛུགས་དང་བསྒྱུར་བཀོད། ཆ་སྡེབས། དྲ་འབྲེལ་སོགས་ཕྱོགས་བསྡུས་བྱེད་ཐབས་བརྒྱུད་དེ། མི་ས་ཡ་གཉིས་དང་འབུམ་དྲུག་སྟོང་དྲུག་དང་ཚགས་བཙུགས་བྱང་ལས་བྱས་པའི་དབུལ་ཕོངས་མི་གྲངས་འབུམ་གསུམ་དང་སྟོང་གཅིག་བཞི་བརྒྱའི་བཏུང་ཆུ་འགན་སྲུང་ཆུ་ཚད་མཐོར་འདེགས་བཏང་སྟེ། ལོ་གཅིག་གི་སྔོན་དུ་ཧ་ཅང་དཀའ་ཁག་ཡིན་པའི་དབུལ་ཕོངས་མི་གྲངས་ཀྱི་བཏུང་ཆུའི་བདེ་འཇགས་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱས།

མིག་སྔར། རོང་འབྲོག་ཁུལ་གྱི་གཅིག་བསྡུས་ཆུ་འདོན་ཚད་དང་རང་འབབ་ཆུ་བོའི་ཁྱབ་གདལ་ཚད། ཆུ་འདོན་འགན་སྲུང་ཚད་སོ་སོར་བརྒྱ་ཆའི་གྱ་བཞི་ལྷག་དང་བརྒྱ་ཆའི་དོན་བརྒྱད་ལྷག བརྒྱ་ཆའི་གོ་གཉིས་བཅས་ལ་སླེབས་པ་དང་། ཆུ་རིན་སྤྲོད་ཚད་བརྒྱ་ཆའི་གོ་ལྔ་ལྷག་ལ་སླེབས། དབུལ་ཕོངས་ས་ཁུལ་གྱི་ཆུ་ལོག་འགོག་པ་དང་ཆུ་འདོན་པ། ཆུ་གཏོང་སོགས་ཆུ་བེད་རྨང་གཞིའི་སྒྲིག་ཆས་མྱུར་དུ་འཐུས་ཚང་དུ་བཏང་བ་དང་། བཙན་མོ་ཆུ་མཛོད་ཆུ་གཏོང་ཁུལ་སོགས་ལས་གཞི་མྱུར་དུ་འཛུགས་སྐྲུན་བྱས། ཆུ་གྲོན་ཆུང་བསྒྱུར་བཀོད་བྱས་པ་བརྒྱུད་དེ། ཞིང་སའི་ཆུ་གཏོང་ལེགས་བསྒྱུར་བྱས་པ་དང་། ཙོང་ཆུའི་བཞུར་རྒྱུན་གཙོ་བོ་དང་ན་གོར་མོ་ཆུ་བོ། བ་ཡན་ཆུ་བོ་སོགས་བཞུར་རྒྱུན་གཙོ་བོ་བཅུ་དང་ཆུ་ཆུང་རེ་དྲུག ཞིང་སྡེའི་ཆུ་རྐ་བཅོས་སྐྱོང་ལས་གཞི་བཅས་ལག་བསྟར་བྱས་པ་དང་། བསྡོམས་པས་ཆུ་བོའི་རིང་ཚད་སྤྱི་ལེ་བརྒྱད་བརྒྱ་དང་སོ་གཉིས་བཅོས་སྐྱོང་བྱས་ལ། ཆུ་རགས་སྤྱི་ལེ་སྟོང་གཅིག་དང་གོ་དགུ་འཛུགས་སྐྲུན་བྱས། ཟི་ལིང་དང་མཚོ་ཤར་སོགས་གྲོང་གསེབ་གཙོ་བོའི་ཆུ་ལོག་འགོག་པའི་ནུས་པ་སྔར་ལས་ཇེ་མཐོར་བཏང་བ་དང་། ཞིང་ཆེན་ཡོངས་ཀྱི་རྫོང་མཁར་དང་དེའི་ཡན་གྱི་གྲོང་གསེབ་ཀྱི་ཆུ་བོ་གཙོ་བོའི་ཆུ་འགོག་ཚད་གཞི་བརྒྱ་ཆའི་གྱ་གཅིག་ལ་སླེབས་ལ། ཆུ་བེད་ཀྱི་གནོད་སྐྱོབ་གནོད་འགོག་བཟོ་སྐྲུན་མ་ལག་སྔར་ལས་འཐུས་ཚང་དུ་བཏང་།

ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ། ཞིང་ཆེན་ཆུ་བེད་ཐིན་གྱིས་གཙོ་བོར་མཁར་གྲོང་གི་ཆུ་འདོན་འགན་སྲུང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། ཆུ་གྲོན་ཆུང་ཆུ་འདོན་སྤྲོད་ཀྱི་ཆུ་བེད་བཟོ་སྐྲུན་གཙོ་བོ་མྱུར་དུ་འཛུགས་སྐྲུན་བྱེད་པ། ཆུ་བེད་རྨང་གཞི་སྒྲིག་ཆས་དྲ་རྒྱ་མ་ལག་རིམ་པ་བཞིན་འཛུགས་པ། ཆུ་འདོན་ནུས་པ་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་བཞི་ཁ་སྣོན་བྱས་ནས། ཆུ་འདོན་བདེ་འཇགས་འགན་སྲུང་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།

ལོ་ཙཱ་བ། རིན་ཆེན་མཚོ།