ཟླ་3ཚེས་2ཉིན། མཚོ་ནུབ་ཁུལ་གྱིས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་རྒྱུན་ལས་ཨུ་ཡོན་། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ནུབ་ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡཱིན་པའེ་དང་། ཁུལ་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཀྲུའུ་ཀྲང་མེང་ཧའེ་གཉིས་ཀྱིས་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་བླང་བྱ་བཏོན།
ཡཱིན་པའེ་ཡིས་ནན་གྱིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་རྒྱལ་ཁབ་ཀྱི་དོན་ཆེན་དང་ཞིང་ཆེན་གྱི་དོན་ཆེན་ཡིན་པས་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་རྒྱུ་དང་འབྲེལ་བ་དམ་པོ་ཡོད་ཟེར། 2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་བ་ལག་བསྟར་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་བའི་འཐབ་ལམ་གསར་བར་བསྐྱོད་པའི་ལོ་ཞིག་ཡིན། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་ཏུ་ཞི་ཅིན་ཕིན་གྱི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་མོ་བྱེད་དགོས། ཞིང་ཆེན་གྱི་ཆེ་བ་གསུམ་གྱི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་ཡོད་དགོས་ལ། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་བཏོན་པའི“དྲི་བ་གསུམ”བློ་ལ་བརྟན་པོར་ངེས་དགོས། མུ་རི་གཏེར་ཁུལ་དུ་ཁྲིམས་འགལ་ངང་རྡོ་སོལ་སྔོག་འདོན་བྱས་པའི་གནད་དོན་དཔྱད་གཞིར་འཛིན་པ་དང་སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་ལག་ལེན་གཏིང་ཟབ་བྱེད་དགོས། འཕེལ་རྒྱས་ཀྱི་དུས་མཚམས་གསར་བ་གཞི་ཚུགས་སྐབས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་ཁྲོད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ་ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ100ལོན་པར་ལེགས་སྐྱེས་འབུལ་དགོས་ཟེར།
མེང་ཧའེ་ཡིས་བསྟན་དོན། 2021ལོར་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་མ་ལག་ཁྲོད་མུ་མཐུད་དུ་ཞི་ཅིན་ཕིན་གྱི་སྐྱེ་ཁམས་དཔལ་ཡོན་སྐོར་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། སྐྱེ་ཁམས་ལ་བརྟེན་ནས་ཁུལ་འཛུགས་པའི་འཐབ་ཇུས་གཞི་ཚུགས་དགོས། མུ་རིའི་དོན་རྐྱེན་གྱི་བསླབ་བྱ་ནམ་ཡང་སེམས་ལ་བཟུང་ནས་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱ་བར་མུ་མཐུད་དུ་ཤུགས་སྣོན་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་ཁྲིད་སྟོན་དང་། ལེགས་བཅོས། སྐུལ་འདེད་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་སྐོར་གཉིས་ཀྱི་གནད་དོན་དག་ཐེར་བྱ་བ་དུས་ཐོག་ཏུ་སྤུས་ཚད་མཐོན་པོས་ལེགས་སྒྲུབ་ཐུབ་པར་འགན་ལེན་བྱས་ཏེ་ཚད་མཐོ་བའི་སྐྱེ་ཁམས་ཤེས་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་བཤད།
ཀྲུའུ་ཀྲང་གཞོན་པ་ཨ་དབྱིང་ཏི་ཚོགས་འདུར་ཞུགས།
མི་ཕམ་མགོན་པོས་བསྒྱུར།