མདོ་ལ་རི་བོའི་ནགས་རྩྭའི་སྤང་ཤུན་གྲུབ་ཆ་ལེགས་སྒྲིག་དང་ནུས་པ་ཆེར་གཏོང་གི་ཞིབ་འཇུག་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་བླངས།
2021.03.15 ཁུངས། ཀློག་གྲངས། 48

གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཉེ་ཆར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིན་གྱིས་རྩ་འཛུགས་དང་ལག་བསྟར་བྱས་པའི་མདོ་ལ་རི་བོའི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཕྱོགས་བསྡུས་བཅོས་སྐྱོང་ལས་གྲྭའི་ཚན་རྩལ་དཔེ་སྟོན་ཁྱབ་གདལ་རྣམ་གྲངས《མདོ་ལ་རི་བོའི་ནགས་ཚལ་དང་སྤང་ཤུན་གྲུབ་ཆ་ལེགས་སྒྲིག་དང་ནུས་པ་ཆེར་གཏོང་གི་ཚོད་ལྟའི་དཔེ་སྟོན་ཞིབ་འཇུག》ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

རྒྱུས་ལོན་པ་ལྟར་ན། རྣམ་གྲངས་འདིས་མདོ་ལ་རི་བོའི་ས་ཁུལ་གྱི་ལོ་མ་ཆུང་བའི་ལྗོན་ཤིང་དང་ལོ་མ་ཆེ་བའི་ལྗོན་ཤིང་། སྡོང་ཐུང་ནགས་ཚལ། ཤིང་སྣ་འདྲེས་མའི་ནགས་ཚལ་སོགས་རང་བྱུང་ནགས་ཚལ་ཁག32ཀྱི་ནགས་ཁྲོད་གྲུབ་ཆ་དང་ནགས་ཁྲོད་ཀྱི་སྤང་ཤུན་འདུས་ཚད། ས་ངོས་ཀྱིས་ཆུ་འཛིན་ཚད་དང་དངོས་ལུགས་དང་རྫས་འགྱུར་གྱི་དམིགས་ཚད།ས་རྒྱུའི་སྐྱེ་དངོས་ཕྲ་རབ་སོགས་ལ་ཚད་འཇལ་གཏན་འཁེལ་བྱས་པ་རེད། ལག་རྩལ་སྣ་བཅུ་གཉིས་ཅན་གྱི་ཚོད་ལྟའི་དཔེ་སྟོན་ནགས་ཚལ་སྤྱི་ཆིང17ལྷག་ཟིན་པ་དང་། འབབ་རྒྱུད་ཆུང་གྲས་ཀྱི་ཕྱོགས་བསྡུས་ཚོད་ལྟའི་དཔེ་སྟོན་ཁུལ2དང་རྒྱ་ཁྱོན་ལ་སྤྱི་ཆིང50རེ་ཡོད། འབབ་རྒྱུད་ཀྱི་ཆུའི་འཁོར་སྐྱོད་བརྒྱུད་རིམ་གྱི་ཐོག་མའི་ལྟ་ཞིབ་ཚད་ལེན་དང་ལད་ཟློས་ལེགས་གྲུབ་བྱུང་བ་དང་སྐྱེ་ཁམས་ཆུ་དཔྱད་བརྒྱུད་རིམ་གྱིས་འབབ་རྒྱུད་ཆུང་གྲས་ཀྱི་མིས་བཟོས་སྐྱེ་ཁམས་མ་ལག་གི་ནགས་ཚལ་དང་རྩྭའི་སྐྱེ་ཁམས་མ་ལག་གི་ཁོར་ཡུག་ཆགས་སྟངས་ཐད་ཀྱི་ཤུགས་རྐྱེན་ལ་དབྱེ་ཞིབ་བྱས་ཏེ་ས་ཁོངས་ཀྱི་ཉམས་ཞན་སྐྱེ་ཁམས་སླར་གསོ་དང་རྒྱུན་མཐུད་འཕེལ་རྒྱས་ལ་ཚན་རྩལ་གྱི་རོགས་འདེགས་བྱ་རྒྱུརེད། 

                                                                མི་ཕམ་མགོན་པོས་བསྒྱུར།