དམིགས་བསལ་གྱི་ལག་ཁུག་འདི་ལ་དམིགས་བསལ་གྱི་འགན་འཁྲི་དཀྲིས་ཡོད།
2021.03.23 ཁུངས། གངས་ལྗོངས་འཕྲིན་གསར། ཀློག་གྲངས། 27

ཡུལ་མི་ཝང་ཧུའུ་རུང་ལགས། ཉིན་འདི་གཉིས་རིང་བྱིས་པའི་ནད་གཞི་ཅི་འདྲ་ཞིག་ཏུ་གྱུར་འདུག དྲག་སྐྱེད་བྱུང་ཡོད་དམ། ཟླ3པའི་ཚེས19ཉིན་གྱི་ཞོགས་པ་སྔ་མོ་ནས་མདའ་བཞི་རྫོང་གསེར་ཐང་ཞང་སྟོང་མདའ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིག་ཧྲིན་ཡུག་གིས་ཡིག་ཆ་དམར་བོ་ཞིག་འཁྱེར་ནས་སྡེ་མི་ཝང་ཧུའུ་རུང་གི་ཁྱིམ་དུ་ཡོང་སྟེ་འབྲི་དེབ་ཁ་ཕྱེས་ནས་འཚམས་འདྲི་བྱེད་ཞོར་དུ་ཁྱིམ་ཚང་དེའི་གནས་ཚུལ་ཟིན་བྲིས་སུ་བཀོད།

གསར་འགོད་པས་ཉིག་ཧྲིན་ཡུག་གི་ཡིག་ཆ་ཁ་ཤས་ཐོག་གསེར་མདོག་ཅན་གྱི་ཡི་གེ་ཆེན་པོ་འགའ་སྟེ“ལས་འགན་འཁུར་བའི་ལག་ཁུག”ཅེས་པ་དཔར་ཡོད་པ་མཐོང་། ད་ལོའི་ཟླ1བོའི་ཚེས24ཉིན་སྟོང་མདའ་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་སྐབས་བརྗེའི་འདེམས་བསྐོའི་ཚོགས་ཆེན་ཐོག་ཉིག་ཧྲིན་ཡུག་ལ་འདེམས་ཤོག་མང་བོས་སྡེ་བའི་ཨུ་ལྷན་གྱི་སྐབས་གསར་བའི་ཀྲུའུ་རིན་དུ་བདམས་ཐོན་བྱུང་བ་དང་། འདེམས་བསྐོ་མཇུག་སྒྲིལ་རྗེས་ཁོ་ལ་ཡུལ་དངོས་ནས་གོང་རིམ་རྩ་འཛུགས་ཀྱིས་སྤྲད་པའི“དམིགས་བསལ་ལག་རྟགས”དེ་ཐོབ་པ་རེད།

དེ་རྗེས་གསར་འགོད་པས་ཉིག་ཧྲིན་ཡུག་གི་དམངས་དོན་ཐོ་འགོད་དེབ་ཀྱི་ཁ་ཕྱེ་ཚེ། ཟླ1བོའི་ཚེས25ཉིན་སྐབས་གསར་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཚོགས་འདུ་ཐེངས་དང་བོ་འཚོགས་ནས་ད་ལོའི་ལས་ཀའི་གཙོ་གནད་ལ་ཞིབ་འཇུག་བྱས་པ་དང་གཙོ་བོ་ཇི་ལྟར་བྱས་ནས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་སྡེ་བའི་ནང་གི་འདེབས་འཛུགས་དང་གསོ་ཚགས་ཐོན་ལས་གླིང་གི་ཁོར་ཡུག་འཕྲོད་བསྟེན་ལ་བཅོས་སྒྲིག་བྱ་རྒྱུའི་སྐོར་ཡིན་པ་དང་། ཟླ2པའི་ཚེས24ཉིན། སྡེ་མི་ཞིག་ལ་ཁྱིམ་ཚང་གི་རྩོད་རྙོག་བྱུང་བའི་དབང་གིས་མནའ་མས་བཟའ་འཐོར་བྱ་རྒྱུ་ཡིན་ཚུལ་བཤད། ངས་སྡེ་བའི་བར་འདུམ་ཨུ་ཡོན་ལྷན་ཁང་གི་ཁོངས་མིར་བརྡ་བཏང་སྟེ་ཁྲིམས་འཛིན་མི་སྣ་དང་མཉམ་དུ་སྡེ་བའི་ནང་དུ་སོང་ནས་གནད་དོན་ཐག་གཅོད་བྱས།  ཟླ3པའི་ཚེས12ཉིན་སྡེ་མི་དབྱང་ཧྥ་ཝུན་གྱི་ཁྱིམ་དུ་སོང་ནས་ཁོའི་བྱིས་པའི་མིག་སྔའི་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་བྱས་ཏེ་བྱིས་པའི་ཡིད་ཆེས་དང་སློབ་སྦྱོང་ཡག་པོ་བྱས་ནས་ནར་སོན་རྗེས་སྤྱི་ཚོགས་ལ་ཕན་ཐོགས་པའི་མི་ཞིག་ཏུ་འགྱུར་རྒྱུར་སྐུལ་ལྕག་བྱས་ཞེས་པ་སོགས་གྲལ་འགྲིག་པའི་ཡིག་འབྲི་རེ་རེས་གཏམ་རྒྱུད་དཀྱུས་མ་ཞིག་གི་མགོ་རྔ་ཆ་ཚང་ཤོག་བུའི་སྟེང་དཔར་འདུག་པ་ཚོར།

མདའ་བཞི་རྫོང་གསེར་ཐང་ཞང་སྟོང་མདའ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་ཉིག་ཧྲིན་ཡུག་གིས“ལས་འགན་འཁུར་བའི་ལག་ཁུག”ཁྱེར་ནས་སྡེ་མི་ཝང་ཧུའུ་རུང་གི་ཁྱིམ་དུ་འདྲི་རྩད་ཞིབ་ཕྲ་བྱས་ཏེ་གནས་ཚུལ་ཐོ་འགོད་བྱེད་བཞིན་པ།

“ལས་འགན་འཁུར་བའི་ལག་ཁུག”འདིའི་ནང་དངོས་པོ་བཞིས་གྲུབ་ཅིང་། མི་དམངས་ཀྱི་གནས་ཚུལ་ཟིན་འགོད་འབྲི་དེབ་གཅིག་དང་ཐིག་ཤིང་གཅིག རྩིས་ཆས་གཅིག སྨྱུ་གུ་གཅིག་བཅས་ཡོད། ད་ལོར་མཚོ་བྱང་ཁུལ་གྱི་གསར་དུ་བདམས་པའི་སྡེ་བའི་ལས་བྱེད་པ་ཚང་མར“ལས་འགན་འཁུར་པའི་ལག་ཁུག”འདི་སྤྲད་ཡོད་པ་རེད།

འདི་ནི“ལས་འགན་འཁུར་བའི་ལག་ཁུག”ནང་གི་དངོས་པོ་སྣ་ཁ་བཞི་ཡི་པར་རེད།

“དམིགས་བསལ་གྱི་ལག་ཁུག”འདི་ལས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྐབས་གསར་བའི་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིར་རེ་བ་ཆེན་པོ་བཅོལ་ཡོད་པ་མཚོན་ཡོད།  

“ཐིག་ཤིང”གཅིག་གིས་ཁོངས་མི་གསར་བ་རྣམས་ལ་ཚད་གཞི་དང་ཚད་ཐིག་ཁོང་དུ་ལེགས་པར་ཆུད་དགོས་པ་དང་། ཐོག་ཤིང་འདི་བརྒྱུད་དེ་རང་ཚད་མཐར་ཕྱིན་པ་བྱས་ནས་བསམ་བློའི་སྲུང་ར་བརྟན་པོ་བཙུགས་ཏེ་གཞུང་དྲང་ཚུལ་མཐུན་དང་ཁྲིམས་ལྟར་ལས་སྒྲུབ། དམངས་གཙོས་དོ་དམ། དམངས་གཙོས་ཐབས་ཇུས་འགོད་དགོས་པའི་བླང་བྱ་བཏོན་ནས། སྡེ་བའི་ལས་བྱེད་པས་སྤྱོད་གཙང་ཚད་འཛིན་པ་དང་། སྲིད་དོན་གཙང་སྐྱོང་གི་རྩིས་ཡག་པོ་རྒྱག་པ། ཏང་གི་ལས་དོན་དང་། སྲིད་དོན། ནོར་དོན་བཅས་དུས་ཐོག་ཏུ་དོན་དངོས་དང་མཐུན་ཞིང་ཡོངས་བསྒྲགས་ཡག་པོ་བྱེད་པ། དབང་ཆ་དང་ཁེ་ཕན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་དགོས་པ་བསྟན་ཡོད།

“རྩིས་ཆས”གཅིག་གིས་སྡེ་བའི་ལས་བྱེད་པས་སྡེ་བའི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩིས་ཐོ་རེ་རེ་བཞིན་བརྩི་དགོས་པ་དང་ཆབས་ཅིག་ཆབ་སྲིད་ཀྱི་རྩིས་ཐོ་དང་། སྤྱོད་གཙང་གི་རྩིས་ཐོ། ཁྱིམ་ཚང་གི་རྩིས་ཐོ། མང་ཚོགས་ཀྱི་རྩིས་ཐོ་བཅས་ཡག་པོ་རྒྱག་དགོས་པའི་བླང་བྱ་བཏོན་ཡོད། 

འབྲི་དེབ་གཅིག་དང་སྨྱུ་གུ་གཅིག་གིས་སྡེ་བའི་ལས་བྱེད་པས་དམངས་འཚོའི་མི་དམངས་ཀྱི་གནས་ཚུལ་ལ་རྟག་ཏུ་དོ་སྣང་དང་། མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན། རེ་བ་བཅས་ཤེས་རྟོགས་བྱས་ཏེ་མི་སེར་གྱི་བསམ་འཆར་དང་གྲོས་འགོ། དཀའ་གནད་ཐག་གཅོད་བྱེད་ཐབས་རེ་རེ་བཞིན་ཟིན་ཐོར་འགོད་དགོས་པ་དང་། སེམས་ནང་བརྟན་པོར་ངེས་པ། དུས་དང་རྣམ་པ་ཀུན་ཏུ་དམངས་ཀྱི་སེམས་ཁྲལ་དང་དཀའ་གནད་སེལ་དགོས་པ་བསྟན་ཡོད། 

ཉིག་ཧྲིན་ཡུག་ལ“ལས་འགན་འཁུར་པའི་ལག་ཁུག”སྤྲོད་སྐབས་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་ཁོའི་ངོས་ནས་བཤད་ན། སྡེ་བའི་ལས་བྱེད་པ་ནི“དཔོན་པོ”ཆུང་ཤོས་ཡིན་ལ། སྡེ་བའི་ནང་གི“དཔོན་པོ”ཆེ་ཤོས་ཀྱང་ཡིན། དེའི་འགན་འཁྲི་གཙོ་བོ་ནི་སྡེ་བའི་ནང་གི་མི་སེར་ལ་དངོས་དོན་སྒྲུབ་པ་དང་བྱ་བ་བཟང་བོ་བསྒྲུབ་རྒྱུ་དེ་རེད། “ཁྱོན་ཡོངས་ནས་འགན་གཅིག་ལྕོགས་ལ་སྐུལ་འདེད་བཏང་རྗེས་དབང་ཆ་དེ་བས་གཅིག་སྡུད་ཆེ་བ་དང་། མི་སེར་གྱིས་མཐོང་བ་ནི་བྱ་སྤྱོད་ཡིན། སླད་ཕྱིན་ངས་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་རང་ཉིད་ལ་བླང་བྱ་ནན་མོ་འདོན་རྒྱུ་དང་། མང་ཚོགས་ཀྱི་བདེ་སྡུག་ལ་སེམས་པ་གླན་ནས་མང་ཚོགས་ཀྱི་གནས་ཚུལ་འདྲི་རྩད་དང་བློ་གཅིག་སེམས་གཅིག་གིས་མང་ཚོགས་ལ་ཁེ་ཕན་སྒྲུབ་པ། ལས་འགན་འཁུར་བའི་ལག་ཁུག་ནང་གི་དངོས་པོ་ཚང་མ་བེད་སྤྱོད་གང་ལེགས་བཅས་བྱས་ཏེ་སྡེ་བའི་ཨུ་ལྷན་གཉིས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་བསམ་བློ་ཕྱོགས་གཅིག་ཏུ་གཏོང་བ་དང་ནུས་ཤུགས་ཕྱོགས་གཅིག་ཏུ་བཏོན་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་དེ་བས་མང་བ་ཐོབ་པར་བྱ་རྒྱུ་ཡིན”ཞེས་བཤད།

སྟོང་མདའ་སྡེ་བའི་སྡེ་མི་ཞུས་གོ་ཚའེ་ཡིས་བཤད་རྒྱུར“སྐབས་གསར་བའི་སྡེ་བའི་ཨུ་ལྷན་གཉིས་ཀྱི་ཚན་ཁག་གིས་ལས་འགན་འཁུར་བའི་ལག་ཁུག་ཁྱེར་ཏེ་གཞུང་ལས་ཁང་དུ་ཉུང་འདུག་དང་སྡེ་བའི་ནང་མང་བསྐྱོད་ཀྱིས་ཞིང་བའི་ཁྱིམ་དུ་བསྐྱོད་ནས་ཐབས་ཇུས་འདོན་པ་དང་མི་སེར་ལ་བསམ་བློ་ཏན་ཏིག་བཏང་སྟེ་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་ཡོང་བ་བྱེད་དགོས”ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ལོ་འགོར་ཁུལ་ཡོངས་ཀྱི་སྡེ་བ214དང་སྡེ་ཁུལ27གྱིས“ཨུ་ལྷན་གཉིས”ཀྱི་སྐབས་བརྗེའི་འདེམས་བསྐོ་བདེ་བླག་ངང་ལེགས་འགྲུབ་བྱུང་བ་དང་། སྡེ་བའི(སྡེ་ཁུལ) “ཨུ་ལྷན་གཉིས”ཀྱི་འགན་འཁུར་བ་གཙོ་བོ་དང་ཨུ་ཡོན་ཚང་མ་འདེམས་ཤོག་ཆ་ཚང་ངམ་ཡང་ན་འདེམས་ཤོག་མང་བོ་ཐོབ་ནས་བདམས་ཐོན་བྱུང་བ་དང་སྐབས་གསར་བའི་འགན་འཁུར་བ་ཚང་མས“ལས་འགན་འཁུར་བའི་ལག་ཁུག”ཁྱེར་ནས་གྲོང་གསེབ་དར་རྒྱས་དང་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་ཐུབ་པར་བྱེད་པའི་ལམ་བུའི་ཐོག་བསྐྱོད་ཡོད།

གསར་འགོད་པ། ལིག་ཙིན་ཁོས། ཕག་མོ་ཚེ་བརྟན། མཱ་ཧྲུའུ་ཀྲིན།