རང་ཞིང་གི་ས་ཁུལ་གཉིས་ལ་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་གི་ཕུལ་བྱུང་མཚན་སྙན་ཐོབ། 
2021.03.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 45

གསར་འགོད་པས་ཟླ་གསུམ་པའི་ཚེས་ཉེར་བཞིའི་ཉིན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་སྔོན་ཀྲུང་གོའི་ཚན་རྩལ་མཐུན་ཚོགས་ཀྱིས་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་ཉི་ཤུ་ལོའི་བར་གྱི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་གི་སྤྱི་བསྡོམས་དཔྱད་འཇོག་མཇུག་འབྲས་ཁྱབ་སྒྲོག་བྱས་པ་དང་། རང་ཞིང་གི་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ལ་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་གི་ཕུལ་བྱུང་མཚན་སྙན་ཐོབ། 

ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་གི་འཛུགས་སྐྲུན་བྱ་བ་སྤེལ་བའི་ཚུན་ལ། མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ཆུའུ་དང་མཚོ་བྱང་ཁུལ་མདོ་ལ་རྫོང་། མཚོ་ནུབ་ཁུལ་གཏེར་ལེན་ཁ་གྲོང་ཁྱེར། ཏུའུ་ལན་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་སོགས་ཀྱིས་ནན་ཏན་གྱིས་གསར་སྐྲུན་ཚད་གཞི་གཞིར་བཟུང་སྟེ། ཚན་རྩལ་ཁྱབ་གདལ་རྐྱེན་སྲོལ་འཐུས་ཚང་དུ་བཏང་བ་དང་། ཚན་རྩལ་ཁྱབ་གདལ་ཁྱབ་ཁོངས་རྒྱ་བསྐྱེད་ལ། ཚན་རྩལ་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། ཤུགས་ཆེན་པོས་ཚན་རྩལ་ཁྱབ་དགལ་ལས་གཞི་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས《དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་འགུལ་སྐྱོད་འཆར་གཞི་རྩ་གནད》ལག་ལེན་མཐར་ཕྱིན་བྱས་པ་དང་། ཧུར་ཐག་སྒོས་མཛུབ་སྟོན་དང་ཞབས་ཞུའི་བྱ་བ་བཟང་བོར་བསྒྲུབས་ལ། ཚན་རྩལ་ཁྱབ་གདལ་དཔེ་སྟོན་རྫོང་གི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་དོ་སྣང་བྱས་པ་དང་། གསར་འཛུགས་བྱ་བ་དེ་ས་གནས་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་དམིགས་འབེན་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས། ས་གནས་ཚན་རྩལ་ཁྱབ་གདལ་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ། དམངས་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་གྱི་སྣང་ཚུལ་བཟང་བོ་བསྐྲུན་པ་སོགས་ཀྱི་ཐད་ནས་ཕན་འབྲས་མངོན་གསལ་ཐོན་པར་སྐུལ་འདེད་བཏང་སྟེ། ཚན་རྩལ་ཁྱབ་གདལ་བྱ་བར་སྤྱི་ཚོགས་ཀྱི་རྨང་གཞི་བརྟན་པོ་བཏིངས་ཡོད། 


བསོད་ནམས་ཚེ་རིང་གིས་བསྒྱུར།