ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་ལ། གྲོང་ཁྱེར་དང་ཁུལ་སོ་སོའི་ཏང་ཨུ་དང་རྩ་འཛུགས་སྡེ་ཁག་གིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ལྟར། སློབ་སྦྱོང་དཔྱིས་ཕྱིན་དང་རྒྱུས་ལོན་ཡང་དག གཅིག་གྱུར་འཆར་འགོད། ཆབ་སྲིད་བླང་བྱར་རྒྱུས་ལོན་བྱེད་པ་བཅས་བྱས་ནས་སྐབས་བརྗེ་བྱ་བ་བཟང་བོར་བསྒྲུབ་པར་སྐུལ་འདེད་བཏང་།
ཏང་གི་འགོ་ཁྲིད་ལ་ཁྱོན་ཡོངས་ནས་ཤུགས་བསྣན། གྲོང་ཁྱེར་དང་ཁུལ། རྫོང་སོ་སོའི་ཏང་ཨུས་གཙོ་གཞིའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། སྐབས་བརྗེ་བྱ་བའི་གཅིག་གྱུར་འགོ་ཁྲིད་ལ་ཤུགས་བསྣན་ནས་ཏང་ཨུའི་ཧྲུའུ་ཅི་ཚན་གཙོ་ཡིན་པའི་སྐབས་བརྗེ་བྱ་བའི་འགོ་ཁྲིད་སྡེ་ཁག་བཙུགས་པ་དང་། བྱ་བའི་ནང་རྐྱེན་བཙུགས་པ་དང་འཐུས་ཚང་དུ་བཏང་།
སྲིད་ཇུས་གཏན་འབེབས་ལ་སློབ་སྦྱོང་ནན་མོ་བྱས། ས་ཁུལ་སོ་སོས་གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་སྐབས་བརྗེ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སྐབས་བརྗེ་བྱ་བའི་གཞི་རྩར་བྱས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་དང་ཆེད་དོན་གསོ་སྦྱོང་ཚོགས་འདུ། སྐབས་བརྗེ་སྲིད་ཇུས་གསོ་སྦྱོང་ཚོགས་འདུ་བསྡུས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་ཀྲུང་དབྱང་དང་ཞིང་ཆེན་ཨུའི་འབྲེལ་ཡོད་སྲིད་ཇུས་དང་བཀོད་སྒྲིག་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་། སྐབས་བརྗེ་བྱ་བའི་སྲིད་ཇུས་ལ་སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་རྒྱུ་དེ་སྐབས་བརྗེ་བྱ་བའི་རྨང་གཞི་དང་འགན་སྲུང་དུ་བྱེད་རྒྱུ་རྒྱུན་འཁྱོངས་བྱས།
མི་དོན་བཀོད་སྒྲིག་ལ་གཅིག་གྱུར་འཆར་འགོད་བྱས། ས་ཁུལ་སོ་སོས་རྟོག་ཞིབ་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། ཕན་ཚུན་བར་བརྗེ་རེས་རྒྱ་ཆེར་བྱེད་པ་བརྒྱུད་དེ་འགོ་ཁྲིད་ཚན་ཁག་གི་འཁོར་སྐྱོད་གནས་ཚུལ་དང་འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་འགན་སྒྲུབ་གནས་ཚུལ་ལ་དབྱེ་ཞིབ་གཏིང་ཟབ་བྱས་པ་དང་། ལས་བྱེད་པའི་བསྐོ་འཐེན་འཁོར་རྒྱུག་གནས་ཚུལ་ལ་ཚན་རིག་དང་མཐུན་པའི་བརྡར་གཅོད་བྱས། གནོན་ཤུགས་བརྒྱུད་དེ་སྒྲིག་ཁྲིམས་དམ་པོ་ཡོང་བར་བྱས། ས་ཁུལ་སོ་སོས་ནང་དོན་གཙོ་བོ་རྒྱུན་འཁྱོངས་དང་སྒྲིག་ཁྲིམས་དང་སྒྲིག་ལམ་སྔོན་ལ་འཇོག་རྒྱུ་རྒྱུན་འཁྱོངས། གོ་རིམ་ཡོངས་ལ་ལྟ་སྐུལ་ནན་མོ་བྱེད་རྒྱུ་རྒྱུན་འཁྱོངས། དྲིལ་བསྒྲགས་དང་ཉེན་བརྡའི་སློབ་གསོར་ཤུགས་སྣོན་པ་དང་། ཏང་ཡོན་ལས་བྱེད་པ་དང་འཐུས་མིས་ཚད་མཐའ་སྲུང་བ་སོགས་བྱེད་པར་སྐུལ་འདེད་གཏོང་རྒྱུ་བཅས་སྐབས་བརྗེ་བྱ་བའི་སྤྱོད་ཚུལ་ནན་མོ་ཡོང་བའི་འགན་སྲུང་གལ་ཆེན་དུ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།