ཧུང་ཡོན་རྫོང་གསེར་དེའུ་གྲོང་རྡལ་གྱིས་སྐབས་དང་པོའི་༼གངས་དཀར་བུམ་པ༽རྟགས་ཅན་གྱི་སྐྱེ་གཟུགས་ཡག་འགྲན་བྱ་འགུལ་སྤེལ།
2021.03.29 ཁུངས། ཧུང་ཡོན་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ཀློག་གྲངས། 76

  ཉེ་ལམ།ཧུང་ཡོན་རྫོང་གསེར་དེའུ་གྲོང་རྡལ་གྱིས་སྐབས་དང་པོའི་གངས་ནོར་བུམ་པ་རྟགས་ཅན་གྱི་སྐྱེ་གཟུགས་ཡག་འགྲན་བྱ་འགུལ་སྤེལ་བ་དང་།གྲོང་རྡལ་སྡེ་བ་གསུམ་ནས་གཞོན་སྐྱེས་ཕོ་མོ༣༤གདམ་སྟེ།ལྷན་སྐྱེས་ཀྱི་གཟུགས་སྐྱེ་ལུས་དང་ས་གནས་ཀྱི་རྒྱན་གོས་ཁྱད་ཆོས།སྲོལ་རྒྱུན་གྱི་མེས་པོའི་ཆ་ལུགས་སོགས་རྒྱན་གོས་ཤོམ་འགྲོ་ཐེངས་འདིའི་བྱ་འགུལ་གྱི་བརྗོད་དོན་གཙོ་བོ་བྱས་ཏེ།མཐོ་རླབས་སུ་བསྐྱལ་བ་དང་།ཞོར་དུ་ལྗིད་ཚད་ན་རྒྱ་མ༣༡༦ཡོད་པའི་ས་སྒྱེ་འགྱོག་ཚད་ཀྱིས་བྱ་འགུལ་མཐོ་རླབས་སུ་བསྐྱལ།གཞན་སྐོར་བྲོ་འཁྲབ་སྟོན་དང་དམངས་གླུ་སོགས་དམངས་ཁྲོད་རྩེད་མོ་སྣ་ཚོགས་ཀྱིས་ས་གནས་མང་ཚོགས༣༠༠ལྷག་ཡུལ་དངོས་སུ་ལྟད་མོར་འཛོམས།

   ཛ་དྲག་གི་འགྲན་རྩོད་བརྒྱུད་མཐར་འགྲན་ཞུགས་པ༡༢ཡིས་ཐེངས་འདིའི་རྣམ་པ་མི་འདྲ་བའི་འགྲན་སྡུར་ཁྲོད་བྱ་དགའ་བླངས་པ་དང་།གྲོང་རྡལ་ཏང་ཨུ་སྲིད་གཞུང་གིས་ཆེད་དུ་ཧུང་ཡོན་རྫོང་རིམ་པའི་རོགས་སྐྱོར་ལས་ཁུངས་ཀྱི་འགོ་ཁྲིད་དང་ཁྱིམ་ཚེས་ཡུལ་གྲོང་གི་འགན་ཁུར་བ་རྣམས་གདན་འདྲེན་ཞུས་ཏེ་བྱ་འགུལ་ལ་ཞུགས་ཡོད་པར་མ་ཟད།ཨང་རིམ་ཐོབ་མཁན་འགྲན་ཞུགས་པ་ཚོར་བྱ་དགའི་རྟགས་མ་བྱིན་པ་དང་།ཁོ་ཚོར་རྒྱུད་ན་ཡོད་པའི་གཟུགས་སྐྱེ་ལུས་དང་སྣ་མང་སྒྱུ་རྩལ་ཕྱི་རུ་བཏོན་ཏེ།ད་ལྟའི་དུས་བབས་དང་མཐུན་པའི་རིག་གནས་སྒྱུ་རྩལ་ལ་བརྟེན་ནས་གསེར་དེའི་གྲོང་རྡལ་དང་ཡང་ན་ཧུང་ཡོན་རྫོང་གི་གསར་བརྗེའི་རིག་གནས་དང་དམངས་སྲོལ་རིག་གནས།ཡུལ་སྐོར་ཐོན་ཁུངས་སོགས་རྒྱལ་ཕྱི་ནང་ལ་དྲིལ་སྒྲོག་བྱས་ཏེ།ཕ་ཡུལ་འཛུགས་སྐྲུན་འཕེལ་རྒྱས་ཐད་རང་གི་ནུས་པས་གཞོགས་འདེགས་དང་བྱས་རྗེས་ཏོག་ཙམ་རེ་འཇོག་དགོས་པའི་རེ་སྐུལ་ནན་མོ་བྱས།

     རྫོང་རིམ་པའི་རྒྱབ་སྐྱོར་དང་ས་གནས་མི་སེར་མང་ཚོགས་ཀྱི་མཐུན་སྦྱོར་འོག  ཐེངས་འདིའི་སྐྱེ་གཟུགས་ཡག་འགྲན་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ་པ་དང་།  སྤྱིར་འདི་ལྟ་བུའི་བྱེད་སྒོ་ཡིས་མི་སེར་མང་ཚོགས་ལ་རང་གི་སྒྱུ་རྩལ་ཁྱད་ཆོས་ཕྱིར་མཚོན་བྱེད་པའི་གར་སྟེགས་ཞིག་བསྐྲུན་ཡོད་པའི་ཁར།ས་གནས་ཀྱི་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས་ཐད་ལའང་ཤེས་འཇོན་གཉིས་ལྡན་གྱི་མི་སྣ་སྔོག་འདོན་དང་གསོ་སྐྱོང་བྱས་ཏེ།དུས་རབས་ཀྱི་རྗེས་ཆོད་པ་དང་།སྤྱི་ཚོགས་ཀྱི་རྗེས་ཆོད་པར་བྱེད་ཕྱོགས་མི་འདྲ་བ་དང་འཆར་གཞི་ཟབ་མོ་བཅངས་པའི་ལས་གཞི་གལ་ཆེན་ཞིག་ཀྱང་ཡིན་པ་རེད།


གསར་འགོད་པ།ཧུང་ཡོན་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་བོད་སྐད་ཚན་ཁག