ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནས་བཟུང་། མཚོ་ནུབ་ཁུལ་གྱིས་བྱེད་ཐབས་དང་གོ་རིམ་ལ་དམ་པོར་དམིགས་ཏེ་སྟོབས་ཤུགས་གཅིག་སྒྲིལ་སྒོས་ཚགས་དམ་པའི་རྩ་འཛུགས་ཀྱི་སྒྲོམ་གཞི་དང་ལས་ཀའི་ལམ་སྲོལ་བཙུགས་ནས།སློབ་སྦྱོང་དཔྱིས་ཕྱིན་པ་བྱེད་པ་དང་ལག་ལེན་དངོས་ལ་ཞུགས་པ། དག་སྲུང་གསར་གཏོད་བྱེད་པ། འགན་འཁྲི་ཏན་ཏིག་གིས་སྒྲུབ་པ་བཅས་ཀྱི་ཐད་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས། ཁྱད་ཆོས་མངོན་གསལ་དོད་པ་དང་རྣམ་པ་མང་བའི་རྨང་གཞིའི་ཐོག་བྱ་བ་སྣ་ཚོགས་གོང་དུ་འཕེལ་བ་དང་སྔུན་དུ་བསྐྱོད་པར་བྱས།
རྩ་འཛུགས་འགོ་ཁྲིད་ལ་ནུས་ཤུགས་ལྡན་པ། ས་ཁུལ་ཁག་དང་སྡེ་ཚན་ཁག ལས་ཁུངས་ཁག་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཏང་ཨུ་བཅས་ཀྱི་བྱ་བའི་བླང་བྱར་སློབ་སྦྱོང་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཐོག་མའི་སེམས་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི་བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་རྣམས་ཡིད་ཆེས་དང་སྤོབས་པའི་ངང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མདུན་སྐྱོད་ཀྱི་བགྲོད་ལམ་གསར་པར་བསྐྱོད་པར་སྐུལ་མ་གཏོང་བ་བཅས་ཀྱི་ཆབ་སྲིད་ཀྱི་ཐབས་ཤེས་བྱེ་བྲག་ཅིག་ཏུ་བརྩིས་ཏེ། རིམ་པ་བཞིན་སྐུལ་སློང་བཀོད་སྒྲིག་དང་ལག་བསྟར་དོན་འཁྱོལ་བྱས་ཏེ་ལས་འགན་ཁ་གསལ་དང་། དམིགས་ཚད་གསལ་པོ། བྱེད་ཐབས་གནད་འཁེལ། དོན་འཁྱོལ་མྱུར་མོ་བཅས་བྱས་ནས། སློབ་སྦྱོང་སློབ་གསོ་ཚད་མཐོན་པོས་ངང་ལག་བསྟར་བྱས་པ་དང་སྤུས་ལེགས་དང་ནུས་ལྡན་ངང་སྤེལ།
ཆེད་དོན་སློབ་སྦྱོང་གི་གཙོ་གནད་འབུར་དུ་ཐོན་པ། ཏང་གི་གསར་གཏོད་རིགས་གཞུང་སློབ་སྦྱོང་དང་ཁོང་དུ་ཆུད་པར་བྱེད་པ། ལག་བསྟར་བྱེད་པར་དམིགས་ཏེ། གཅིག་བསྡུས་ཀྱི་སློབ་གསོ་དང་རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། གསབ་སྦྱོང་རྩ་འཛུགས་དང་རང་སྦྱོང་ཟུང་འབྲེལ་བྱེད་པ། ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་བ། རིམ་པ་དང་རིགས། གོ་རིམ་བཅས་བགོས་ཏེ་ཏང་ཀྲི་པུའུ་ཧྲུའུ་ཅིའི་ནུས་པ་མཐོར་འདེགས་གཏོང་བའི་ལས་གཞིར་རྩ་འཛུགས་ལེགས་པོ་དང་ཏང་ཡོན་ཏང་གི་སློབ་གྲྭར་སོང་ནས་མཉམ་དུ་རེས་མོས་སྦྱོང་བརྡར་བྱེད་པའི་འཛིན་གྲྭ་ཡག་པོ་གཉེར་བ་བཅས་བྱས་ནས། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་སློབ་གསོའི་གསབ་སྦྱོང་བྱ་བ་ཡོངས་སུ་ཁེབས་པར་བྱས་པ་དང་མཉམ་དུ་སློབ་སྦྱོང་དང་སྐོར་ཞིབ་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བར་ཤུགས་བསྣན་པ་དང་། ཆེད་དོན་གྱི་རྣམ་པ་དང་བརྟག་དཔྱད་ཞིབ་འཇུག་གི་རྣམ་པ། བགྲོ་གླེང་བྱེད་སྟངས།ཉམས་སུ་མྱོང་བའི་རྣམ་པ་སོགས་ཕྱོགས་མང་བྱེད་ཐབས་སྤྱད་དེ། ཏང་ལེགས་སྐྱོང་དང་མཉམ་དུ་སློབ་སྦྱོང་བྱེད་པའི་ཁྱབ་ཚད་དང་ཟབ་ཚད་རྒྱུན་ཆད་མེད་པར་ཇེ་ཆེར་བཏང་།
དངོས་སྦྱོང་སློབ་མ་འཕགས་མ་སྒྲོལ་མས་བསྒྱུར།