མཚོ་ནུབ་ཁུལ་ཏངཨུས་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས།
2021.03.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 76

ཟླ3པའི་ཚེས29ཉིན། མཚོ་ནུབ་ཁུལ་ཏང་ཨུས་སྐོར་ཞིབ་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་བསྡུས་པ་དང་།ཚོགས་འདུའི་ཐོག་ཁུལ་ཨུའི་སྐོར་ཞིབ་སྤྱི་སྡོམ་དང་ཁུལ་ཨུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དོན་སྐོར་ཞིབ་བྱ་བར་སྐུལ་སློང་དང་བཀོད་སྒྲིག་བྱས།

ཚོགས་འདུའི་ཐོག་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཐེངས་དགུ་པའི་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། མཚོ་ནུབ་ཁུལ་ཨུའི་ཧྲུའུ་ཅི་དབྱིན་པཱའེ་ཡིས་འགོ་ཁྲིད་ཚན་ཆུང་གི་སྐོར་ཞིབ་བྱ་བའི་ཚོགས་འདུའི་ཐོག་གཏམ་བཤད་བྱས་པའི་་ནང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། སྐོར་ཞིབ་ཚན་ཆུང་གི་ཚན་གཙོ་དང་ཚན་གཙོ་གཞོན་པར་དབང་བཅོལ་ནས་ལས་འགན་སྤྲད་པ་དང་ལས་འགན་ཁག་བགོས་ཀྱི་གནས་ཚུལ་ཁྱབ་བསྒྲགས་བྱས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཆེད་དོན་སྐོར་ཞིབ་བྱེད་སྐབས་སློབ་སྦྱོང་བྱས་པ་གཟབ་ནན་མིན་པ་དང་དོན་དངོས་ཐོག་བབས་མེད་པ། འགན་འཁྲི་གསལ་པོ་མིན་པ། ལེགས་བཅོས་ནུས་ལྡན་མིན་པ། ལེགས་བཅོས་རྫུན་མ་སོགས་ཀྱི་གནད་དོན་བཙལ་ནས་ཐག་གཅོད་པར་སྐུལ་འདེད་བཏང་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པར་སློབ་སྦྱོང་དང་དེ་ལག་བསྟར་བྱེད་པར་སྔར་ལས་སྐུལ་འདེད་གཏོང་བ་དང་། སྲིད་དོན་བྱས་རྗེས་ཀྱི་ལྟ་བ་ཡང་དག་བཅངས་པ་དང་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་སྤེལ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་སློབ་སྦྱོང་གསོ་སྦྱོང་ལ་ཤུགས་སྣོན་པ། སྒྲིག་སྲོལ་དང་སྒྲིག་ཁྲིམས་ལྟར་བླང་བྱ་ནན་མོར་བཏང་ནས་སྐོར་ཞིབ་བྱ་བ་ཚད་ལྡན་དུ་གཏོང་བར་སྐུལ་འདེད་བཏང་སྟེ། སྐོར་ཞིབ་བྱ་བར་ཆབ་སྲིད་ཀྱི་ཕན་འབྲས་དང་སྒྲིག་ཁྲིམས་ཀྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་ཐོན་པར་ཁག་ཐེག་བྱེད་དགོས། རྣམ་རིག་གསལ་བོས་ཕྱོགས་ཡོངས་ནས་གཟབ་ནན་གྱིས་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་ལ་ཆབ་སྲིད་ཀྱི་ངོས་ནས་རང་རྟོགས་ངང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་ཆབ་སྲིད་ཀྱི་སྐོར་ཞིབ་གཏིང་ཟབ་ཏུ་བཏང་ནས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཚུགས་པར་ཆབ་སྲིད་ཀྱི་འགན་ལེན་མཁོ་སྤྲོད་བྱེད་དགོས་ཟེར།

དངོས་སྦྱོང་སློབ་མ་བཀྲ་ཤིས་སྐྱིད་ཀྱིས་བསྒྱུར།