རང་ཞིང་གི་ལས་དོན་ཁང་གཉིས་ལ་རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་བཟོ་སྐྲུན་འཇོན་མིའི་གསར་གཏོད་ལས་དོན་ཁང་གི་མིང་བཏགས།
2021.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

གསར་འགོད་པས་ཉེ་ལམ་མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ན་ནིང་གི་ཟླ་བཅུ་གཉིས་པར། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱིས་སྐོར་ཐེངས་གཉིས་པའི་རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་བཟོ་སྐྲུན་འཇོན་མིའི་གསར་གཏོད་བྱ་བའི་ལས་དོན་ཁང་ལ་མིང་བཏགས་པ་དང་། རང་ཞིང་གི་ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟིའི་མཱ་ཝུན་ཅུན་གྱི་གསར་གཏོད་ལས་དོན་ཁང་དང་ཞིང་ཆེན་ཞིང་ཕྱུགས་ཁྱབ་གདལ་ས་ཚིགས་ཀྱི་ཞུས་ཀྲིན་ལེན་གསར་གཏོད་ལས་དོན་ཁང་གཉིས་དེའི་ཁྲོད་འདུ།

ངལ་རྩོལ་དཔེ་ལེགས་ཅན་དང་བཟོ་སྐྲུན་འཇོན་མིའི་གསར་གཏོད་ལས་དོན་ཁང་ནི་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས། བཟོ་སྐྲུན་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། ངལ་རྩོལ་དཔེ་ལེགས་ཅན་དང་བཟོ་སྐྲུན་འཇོན་མིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རྒྱ་ཆེའི་ལས་བཟོ་བ་མང་ཚོགས་རང་བཞིན་གྱི་གསར་གཏོད་བྱ་འགུལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱེད་པའི་སྟེགས་བུ་གལ་ཆེན་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོགས་རྩ་འཛུགས་ཀྱིས་ཐོན་ལས་བཟོ་བའི་དཔུང་སྡེ་འཛུགས་སྐྲུན་བཅོས་བསྒྱུར་ལ་དམིགས་ནས། གཅིག་སྐྱེད་སྲིང་བྱས་རྗེས་གཅིག་གསར་འཛུགས་བྱེད་པ། གཅིག་འཚར་ལོངས་བྱུང་རྗེས་གཅིག་ལ་མིང་འདོགས་པའི་རྩ་དོན་ལྟར་དང་། ཡོད་པ་བདུན་འཛུགས་སྐྲུན་གྱི་རྩ་དོན་ལྟར། སྙིང་སྟོབས་རྒྱུད་འཛིན་ལ་དོ་སྣང་བྱེད་པ་དང་དཔུང་སྡེ་མཉམ་ལས་ཀྱི་ཕན་འབྲས་མཐོ་བ། བྱ་བ་བརྒྱུད་རིམ་ལྡན་པའི་སྒོ་ནས་སྤེལ་བ། གསར་གཏོད་ལས་འབྲས་འབུར་དུ་ཐོན་པར་བྱེད་པ། ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པ། སྤྱི་ཚོགས་ཕན་འབྲས་མངོན་གསལ་ཡིན་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་གསར་གཏོད་ལས་དོན་ཁང་སྐོར་ཞིག་སྐྱེད་སྲིང་བྱས་པ་དང་། ༢༠༢༠ལོའི་བར་དུ། གསར་གཏོད་ཁང་དོན་ལྔ་ལ་ཞིང་ཆེན་རིམ་པའི་ངལ་རྩོལ་དཔེ་ལེགས་ཅན་གྱི་གསར་གཏོད་ལས་དོན་ཁང་གི་མིང་བཏགས་ལ། གསར་གཏོད་ཁང་ལྔ་ལ་རྒྱལ་ཡོངས་དཔེ་སྟོན་རང་བཞིན་གྱི་ངལ་རྩོལ་དཔེ་ལེགས་ཅན་དང་བཟོ་སྐྲུན་འཇོན་མིའི་གསར་གཏོད་ལས་དོན་ཁང་གི་མིང་བཏགས། གསར་གཏོད་ཁང་གིས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས།

རིན་ཆེན་མཚོས་བསྒྱུར།