གསར་འགོད་པས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡོངས་འཛིན་བོད་ཡིག་ཆ་འཕྲིན་ལག་རྩལ་གྲངས་མཛོད་རྟེན་གཞི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་སུ། མཚོ་ལྷོ་ཁུལ་གྱིས་ཡོངས་འཛིན་དང་5G དྲ་རྒྱའི་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། མིས་བཟོས་ཤེས་ནུས་དང་སྤྲིན་རྩིས། གཞི་གྲངས་ཆེན་མོ། ས་ཁོངས་སྦྲེལ་མཐུད་སོགས་ཀྱི་ལག་རྩལ་གསར་པ་ཅི་རིགས་བཀོལ་ནས་རྨང་གཞིའི་གཞི་གྲངས་ཀྱི་ཐོན་ཁུངས་ལ་ཤུགས་བསྣན་ཏེ། རྒྱ་བོད་འཕྲུལ་ཆས་ཀྱི་ཡིག་སྒྱུར་དང་བོད་རྒྱའི་སྐད་གདངས་དབྱེ་འབྱེད། བོད་རྒྱའི་སྐད་གདངས་མཉམ་འདུས། བོད་ཡིག་ཤེས་བྱ་རིས་འགྲེལ། རིག་ནུས་ཀྱིས་རང་འགུལ་ངང་ལན་འདེབས་པ་སོགས་ཀྱི་གཞི་གྲངས་ཆེན་མོའི་གནད་འགག་འབུར་དུ་ཐོན་པར་བྱས་ནས། ཁྱོན་ཡོངས་ནས་ཡོངས་འཛིན་གྱི་སྤྱིའི་བྱེད་ནུས་མཐོར་འདེགས་སུ་གཏོང་རྒྱུ་ཡིན་ལ། འཆར་གཞི་ལྟར་ན་མ་དངུལ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་བརྒྱད་གཏོང་རྒྱུ་རེད། མིག་སྔར། སྤྱིའི་བསམ་ཕྱོགས་དང་ལག་རྩལ་གྱི་བརྒྱུད་ལམ། ལས་གཞི་གཙོ་བོ་སོགས་གཙོ་བོར་བཟུང་ནས། ཡོངས་འཛིན་གྱི་ལོ་ལྔའི་འཆར་འགོད་བཞི་པའི་དུས་སྐབས་ཀྱི་འཕེལ་རྒྱས་འཆར་འགོད་དང་ལས་གཞི་ཞིབ་འཇུག་གསར་སྤེལ་ལས་གཞིའི་འཆར་གཞི་སྒྲིག་བཟོ་བྱ་བ་ཡོངས་འགྲུབ་བྱས་ཡོད།
བན་དེ་སྐྱབས་ཀྱིས་བསྒྱུར།