མཚོ་སྔོན་ཞིང་ཆེན་སློབ་གསོ་ལེགས་སྒྲིག་གཞུང་སྒྲུབ་ཁང་གིས་གསར་འགྱུར་སྨྱན་བྱད་ཀྱི་མཉམ་འབྲེལ་གྲོས་ཚོགས་བསྡུས།
2021.04.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་ལེགས་སྒྲིག་དྲིལ་སྒྲོག་བརྒྱུད་སྒྲོག་བྱ་བའི་མཉམ་འབྲེལ་གྲོས་ཚོགས་བསྡུས་ནས། སློབ་གསོ་ལེགས་སྒྲིག་དྲིལ་སྒྲོག་བརྒྱུད་སྒྲོག་བྱ་བ་སྔར་ལས་བཟང་བོར་བསྒྲུབ་པའི་ཐད་ནས་བཀོད་སྒྲིག་བྱས། ཞིང་ཆེན་སྲིད་ཁྲིམས་དཔུང་སྡེ་སློབ་གསོ་ལེགས་སྒྲིག་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་གསར་འགྱུར་ལས་ཁུངས་དང་མཚོ་སྔོན་ཞིང་ཆེན་གྱི་གསར་འགྱུར་སྡེ་ཁག་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་ལེགས་སྒྲིག་དྲིལ་སྒྲོག་བརྒྱུད་སྒྲོག་བྱ་བའི་རྩ་འཛུགས་འགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་དང་གླེང་ཕྱོགས་ཀྱི་ཁྲིད་ཕྱོགས་ལ་ཁག་ཐེག་བྱེད་པ། དྲིལ་སྒྲོག་བརྒྱུད་སྒྲོག་གི་དུས་ཚོད་དང་ཕན་འབྲས་ཁོང་དུ་ཆུད་པར་བྱེད་པ། འཆར་གཞི་ཡོད་པ་དང་གཙོ་གནད་ཡོད་པ། མིང་གྲགས་ལྡན་པར་བྱེད་པ། དྲིལ་སྒྲོག་བརྒྱུད་སྒྲོག་གི་སྣེ་ཁྲིད་ནུས་པ་དང་བརྒྱུད་སྒྲོག་ནུས་པ། ཤན་ཤུགས་བཅས་ཇེ་ཆེར་གཏོང་བ། ཧུར་ཐག་གིས་ཀྲུང་དབྱང་དང་ཞིང་ཆེན། གྲོང་ཁྱེར་རམ་ཁུལ་བཅས་རིམ་པ་གསུམ་གྱི་མཐུན་སྦྱོར་མཉམ་འབྲེལ་དང་སྲོལ་རྒྱུན་སྨྱན་བྱད་དང་གསར་དར་སྨྱན་བྱད་ཀྱིས་ཕྱོགས་གཅིག་ལ་ཤུགས་མཉམ་དུ་འདོན་པའི་དྲིལ་སྒྲོག་བྱ་བའི་མ་དཔེ་གྲུབ་པར་བྱེད་པ་དང་། སློབ་གསོ་ལེགས་སྒྲིག་དྲིལ་སྒྲོག་བརྒྱུད་སྒྲོག་བྱ་བ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་བཏང་སྟེ། སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་ལེགས་སྒྲིག་གཏིང་ཟབ་ཏུ་སྤེལ་བའི་ཐད་གླེང་ཕྱོགས་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།