
གསར་འགོད་པས་ཞིང་ཆེན་ཚན་རྩལ་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར། མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་ཀྱིས་གཞི་གྲངས་ཉར་གསོག་སྟེགས་བུ་ལ་རྒྱབ་བརྟེན་ནས། བདེ་བླག་ངང་རྒྱལ་ཁབ་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་ཀྱི་གཞི་གྲངས་ཐོན་ཁུངས་ཀྱི་མཚོ་སྔོན་གྱི་བརྙན་ལེན་དང་ཐོ་འགོད་བདེ་བླག་ངང་ཡོངས་འགྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་གཞི་གྲངས་བཞི་བརྒྱ་དང་བཅུ་དྲུག་ལ་སླེབས་ནས། རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ཀྱི་གཞི་གྲངས་བདེ་འཇགས་དང་ཞབས་ཞུ་ལེགས་བསྒྱུར་བྱེད་པའི་ཐད་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས།
རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་ཚན་རིག་གཞི་གྲངས་ལྟེ་གནས་ནི་རྒྱལ་ནང་གི་མདོ་དབུས་མཐོ་སྒང་དང་དེའི་མཐའ་འཁོར་ས་ཁུལ་ལ་ཁ་གཏད་པའི་ཚན་རིག་གཞི་གྲངས་ཀྱི་རིགས་སྣ་ཆེས་མང་བ་དང་ཆེས་དབང་ཟིལ་ལྡན་པའི་ཚན་རིག་གི་གཞི་གྲངས་ལྟེ་གནས་ཡིན་ལ། མདོ་དབུས་མཐོ་སྒང་གི་ས་ཐོག་ལྟ་ཞིབ་དང་འཁོར་སྐར་རྒྱང་ཚོར། མ་དཔེ་ཕྱིར་གཏོང་སོགས་གཞི་གྲངས་སྟོང་གཉིས་དང་བརྒྱད་བརྒྱ་ལྷག་ཡོད་པ་དང་། དེའི་ཁྲོད་ས་ཁམས་རིག་པ་དང་མཁའ་དབུགས་ཚན་རིག སྐྱེ་ཁམས་རིག་པ། ཆུ་དཔྱད་རིག་པ། ས་གཤིས་རིག་པ། སའི་གོ་ལའི་དངོས་ལུགས་རིག་པ། རང་བྱུང་ཐོན་ཁུངས་ཚན་རིག་དང་སྤྱི་ཚོགས་དཔལ་འབྱོར་སོགས་ཁྱབ་ཁོངས་འདུ།
2020ལོའི་ཟླ་བཅུ་གཅིག་པར་ཀྲུང་དབྱང་ཚན་རིག་གླིང་མདོ་དབུས་མཐོ་སྒང་ཞིབ་འཇུག་ཁང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་རྒྱལ་ཁབ་མཚོ་བོད་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད་པའི་ཚུན་དུ། རྒྱལ་ཁབ་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་འོག མཚོ་སྔོན་ཞིང་ཆེན་ཡན་ལག་ལྟེ་གནས་ཀྱིས་སྦྲེལ་མཐུད་བཟང་བོ་བྱས་པ་དང་རང་འགུལ་གྱིས་རྗེས་འདེད་བྱས་ལ། གཞི་གྲངས་ཉར་གསོག་སྟེགས་བུ་ལ་རྒྱབ་བརྟེན་ནས། རྒྱལ་ཁབ་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་གཞི་གྲངས་ཐོན་ཁུངས་ཀྱི་མཚོ་སྔོན་གྱི་བརྙན་ལེན་དང་ཐོ་འགོད་བདེ་བླག་ངང་ཡོངས་འགྲུབ་བྱས་པ་མ་ཟད། སྔོན་དུས་སུ་མདོ་དབུས་མཐོ་སྒང་གི་ཐེངས་གཉིས་པའི་ཕྱོགས་བསྡུས་ཚན་རིག་ལྟ་ཞིབ་ཞིབ་འཇུག་ཞབས་ཞུ་འགན་སྲུང་མ་ལག་འཛུགས་སྐྲུན་བྱས་པའི་རྨང་གཞིའི་སྟེང་། མཚོ་བོད་ཐེངས་གཉིས་པའི་ཚན་རིག་ཞིབ་འཇུག་ཕྱོགས་བསྡུས་ཞབས་ཞུ་ཆ་འཕྲིན་འཛུགས་སྐྲུན་བྱེད་པར་དམིགས་ནས། དུས་ཐོག་ཏུ་འབྲེལ་ཡོད་སྐྱེ་ཁམས་དང་ཆུ་གཞུང་། ས་ཁམས། ཁོར་ཡུག་སོགས་ཕྱོགས་ཀྱི་གཞི་གྲངས་དཔྱད་གཞིའི་ཡིག་རིགས་ལེགས་སྒྲིག་བྱས་ཏེ། མཚོ་སྔོན་གཞི་གྲངས་ཐོན་ཁུངས་ཀྱི་མཚོ་བོད་མཐོ་སྒང་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས། དེར་བརྟེན། རྒྱལ་ཁབ་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་ཀྱིས་ཆེད་དུ་མཚོ་སྔོན་ཞིང་ཆེན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སོགས་གཞི་གྲངས་ཆེད་སྒྲིག་ལེ་ཚན་བཙུགས།
མཚོ་སྔོན་ཡན་ལག་ལྟེ་གནས་ཀྱིས་རྒྱལ་ཁབ་ཀྱི་མཚོ་བོད་ཚན་རིག་ཞིབ་འཇུག་ཐེངས་གཉིས་པའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་དང་རྒྱལ་ཁབ་མདོ་དབུས་མཐོ་སྒང་ཚན་རིག་གཞི་གྲངས་ལྟེ་གནས་དང་སྦྲེལ་མཐུད་འབྲེལ་འདྲིས་བྱེད་པ་དང་། ཆ་འཕྲིན་མཉམ་འབྲེལ་མཉམ་མཐུད་དང་ཐོན་ཁུངས་བསྡུ་རུབ་དང་མཉམ་འཛུགས་མཉམ་སྤྱོད་ལ་ཤུགས་སྣོན་པ། ཐེངས་གཉིས་པའི་མཚོ་བོད་ཚན་རིག་ཞིབ་འཇུག་ལ་ཞུགས་པའི་སྡེ་ཁག་ལ་ཁ་ཕྱོགས་ནས། ཞབས་ཞུ་འགན་སྲུང་མ་ལག་གི་དྲིལ་སྒྲོག་གསོ་སྦྱོང་བཟང་བོར་སྤེལ་བ་དང་། མ་ལག་ཚུལ་བསྒྱུར་ཇུས་འགོད་བྱ་བ་བཟང་བོར་སྒྲུབ་ནས། མ་ལག་རྩོལ་ནུས་རྒྱུན་མ་ཆད་པར་འཐུས་ཚང་དུ་གཏོང་བ་དང་མ་ལག་ལག་བསྟར་བཀོལ་སྤྱོད་བྱེད་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད།
རིན་ཆེན་མཚོས་བསྒྱུར།