ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མི་དམངས་ལ་ཞབས་འདེགས་ཞུས་ནས་དོན་དངོས་བསྒྲུབ་པའི་ལས་འགན་གསལ་ཕྲ་སོ་བཞི་གཏན་འབེབས་བྱས།
2021.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 51

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཚད་གཞི་མཐོན་པོས་འཆར་འགོད་བཟོ་བ་དང་སྤུས་ཚད་མཐོན་པོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་ནས། བདག་གིས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་རྒྱུ་ཡིན་ཞེས་པའི་ལག་ལེན་བྱ་འགུལ་དེ་ནམ་ཡང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩི་བ་དང་། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱང་ཁོངས་ཀྱི་གནད་དོན་གཙོ་བོ་དང་དཀའ་གནད་ལ་དམིགས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་དོན་དངོས་བསྒྲུབ་པའི་ལས་འགན་གསལ་ཕྲ་སོ་བཞི་གཏན་འབེབས་བྱས་པ་དང་། ཐོ་སུབ་དོ་དམ་ལག་བསྟར་བྱས་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་མཚོན་བྱེད་བཟང་བོ་ཡིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཐིན་གྱིས་དུས་ཐོག་ཏུ་སྐུལ་སློང་བཀོད་སྒྲིག་བྱས་པ་དང་། གཙོ་གནད་གཏན་ཁེལ་བྱས་ཏེ། ཟླ་གསུམ་པའི་ཟླ་སྨད་ནས་བཟུང་རིམ་པ་བཞིན་ཏང་གི་ལོ་རྒྱུས་ཤེས་བྱའི་རྒྱུགས་ལེན་འགྲན་བསྡུར་བྱ་འགུལ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་། ཏང་ལ་དྲིན་གཟོ་བྱེད་པ། ནམ་ཡང་ཏང་གི་རྗེས་སུ་འབྲངས་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གསོ་སྦྱོང་འཛིན་གྲྭ ཞིང་ཆེན་ནང་ཁུལ་གྱི་ཏང་གཤིས་སློབ་གསོ་རྟེན་གཞི་ལ་ལྟ་སྐོར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ། དེ་དང་མཉམ་དུ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ནམ་ཡང་བདག་གིས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་བསྒྲུབ་ཞེས་པའི་ལག་ལེན་བྱ་འགུལ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ནང་དོན་གཙོ་བོ་རུ་བརྩིས་ནས། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཁྱབ་ཁོངས་ཀྱི་གཙོ་གནད་དང་དཀའ་གནད་ལ་དམིགས་ཏེ། མི་དམངས་ལ་ཞབས་འདེགས་ཞུ་བ་དང་དོན་དངོས་བསྒྲུབ་པའི་ལས་འགན་གསལ་ཕྲ་སོ་བཞི་གཏན་འབེབས་བྱས་པ་དང་། ཐོ་སུབ་དོ་དམ་ལག་བསྟར་བྱས། མང་ཚོགས་ཀྱི་ལས་ཞུགས་དགོས་མཁོ་ལ་དམིགས་ནས། ཞིང་བ་ཞོར་ལས་པ་ཕྱིར་ལས་རྐང་སྟེང་ཞུགས་པའི་ཐད་ཀྱི་ཁ་གཏད་ཞབས་ཞུ་འགན་སྲུང་བྱ་བ་བཟང་བོར་བསྒྲུབ་པའི་བརྡ་སྦྱོར་པར་སྐྲུན་འགྲེམ་སྤེལ་བྱས་ཏེ། ཞིང་བ་ཞོར་ལས་པ་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་ཕྱིར་ལས་རྐང་སྟེང་ཞུགས་པར་ཁག་ཐེག་བྱས། 2021ལོའི་གྲོང་ཁྱེར་ཆེ་འབྲིང་གིས་མཉམ་འབྲེལ་སྒོས་མཐོ་རིམ་སློབ་ཆེན་གྱི་མཐར་ཕྱིན་སློབ་མ་བསྡུ་བའི་དཔྱིད་དུས་ཀྱི་ཆེད་དོན་བྱ་འགུལ་སྤེལ་བ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་མི་བཀོལ་སྡེ་ཁག་གི་སྦྲེལ་མཐུད་བརྗེ་རེས་སྟེགས་བུ་བཙུགས། 2021ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་གྲོས་ཚོགས་བསྡུས་པ་དང་། ལས་ཁུངས་བཞི་བརྒྱ་དང་བཅོ་ལྔ་ས་མི་བཀོལ་ལང་རྐང་ཁྲི་གཉིས་ལྷག་འདོན་སྤྲོད་བྱས་ལ། ལས་ཀ་བཙལ་མཁན་ཁྲི་གཅིག་དང་སྟོང་ལྔ་མི་བསྡུ་ལ་ཞུགས་ནས། མི་སྟོང་བཞི་དང་བརྒྱ་ཡིས་ལས་ཞུགས་འདོད་བློ་གྲོས་མཐུན་བཀོད། ཡུས་ཧྲུའུ་དང་མགོ་ལོག་ཁུལ་གྱི་སྤྱི་ཚོགས་འགན་སྲུང་བསྒྲུབ་པའི་ཞབས་ཞུ་ཁ་གཏད་རོགས་སྐྱོར་གྱི་ལོ་གསུམ་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ་དང་། ལས་སྒོའི་རྐང་འཛིན་པ་བཅུ་གཅིག་སྐོང་འཐེན་བྱས་ནས་ས་གཉིས་ཀྱི་གཅིག་བསྡུ་རེས་སྐོར་གསོ་སྦྱོང་སྒེའུ་ཁུང་དུ་བྱ་བ་བསྒྲུབ་པར་མངག་ནས། སྤྱི་ཚོགས་འགན་སྲུང་བྱ་བ་བསྒྲུབ་པའི་ཞབས་ཞུ་ཆུ་ཚད་མཐོར་འདེགས་བཏང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་ཐག་བཅད། ལས་བྱེད་པ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་ཟུང་འབྲེལ་བྱས་པ་དང་། ཏང་ཡོན་ལས་བྱེད་པ་དབུལ་ཐར་མཉམ་འབྲེལ་སྡེ་བ་རུ་སོང་ནས། སྲིད་ཇུས་སྒྲོག་འགྲེལ་དང་དྲོད་ཁོལ་སྐྱེལ་བ་དང་བརྩེ་སེམས་འབུལ་བའི་བརྗོད་དོན་ལག་ལེན་སྤེལ་བ་དང་། དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་རྒྱ་སྐྱེད་དེ། ཞིང་སྡེ་དར་སྤེལ་ཁྱོན་ཡོངས་ནས་ལག་བསྟར་བྱས་པ་དང་གྲུབ་འབྲས་བླངས།

རིན་ཆེན་མཚོས་བསྒྱུར།