མཚོ་སྔོན་གྱིས་དྲ་རྒྱའི་ཁྲོམ་ར་ལྟ་སྐུལ་དོ་དམ་བྱ་བར་ཤུགས་བསྣན།
2021.04.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 73

བསྟུད་མུར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་མ་ལག་གིས་དྲ་ལམ་ཉོ་འཚོང་བརྗེ་རེས་ཁྲོམ་ར་ཡི་འཐེན་ཞིབ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་བཏང་ནས་བྱེད་ཕྱོགས་སྟོབས་ལྡན་དུ་བཏང་བ་དང་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ཏེ། ཤུགས་ཆེན་པོས་གོ་རིམ་ལྡན་ལ་བདེ་འཇགས་ཡིན་པའི་དྲ་ལམ་ཉོ་ཚོང་ཁྲོམ་རའི་ཁོར་ཡུག་བཏོད་པར་འགན་ལེན་བྱས། མིག་སྔའི་བར་དུ། ཞིང་ཆེན་ཡོངས་སུ་ཁྱོན་བསྡོམས་དྲ་ཚིགས་ཉིས་བརྒྱ་གྱ་དགུ་དང་དྲ་ལམ་ཚོང་ཁང་་སྟོང་གཅིག་དང་སུམ་བརྒྱ་རེ་ལྔ།  སྟེགས་བུ་ཞེ་གཅིག་བཅས་ལ་ཞིབ་བཤེར་བྱས་པ་བརྒྱུད་དེ། དྲ་ངོས་ཀྱི་ཁྲིམས་འགལ་ཚོང་འཕྲིན་བརྡ་ཁྱབ་གསུམ་རྩད་ཆོད། ད་ལྟ་དྲ་ལམ་ཉོ་ཚོང་གི་གནད་དོན་ཅི་རིགས་ལ་དག་ཐེར་བྱས་ཏེ། དྲ་ལམ་ཁྲོམ་རའི་ཉོ་ཚོང་གོ་རིམ་ལྡན་པ་ཡོང་བར་སྲུང་སྐྱོབ་ནུས་ལྡན་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།