མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2021.04.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 71

ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་མི་སྣའི་སྲིད་ཇུས་ཆུ་ཚད་དང་ལས་སྒོའི་ནུས་པ་སྔར་ལས་མཐོར་འདེགས་གཏོང་ཆེད། ཟླ་བཞི་བའི་ཚེས་བདུན་ཉིན་ནས་ཚེས་དགུ་ཉིན་བར། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས། གྲོང་ཁྱེར་དང་རྫོང་སོ་སོའི་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་མི་སྣ་བཅས་མི་བརྒྱ་དང་བཞི་བཅུ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་སྐབས་སུ་རྩ་འཛུགས་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། སློབ་གསོ་སོགས་སྡེ་ཁག་གི་ཆེད་ལས་མི་སྣ་གདན་འདྲེན་བྱས་པ་དང་།  ཡིག་ཚགས་ཞིབ་བཤེར་ཁྲོད་ཀྱི་འབུར་ཐོན་གནད་དོན་དང་ཉམས་ཞན་ས་གཙོར་བཟུང་ལ། ལས་བྱེད་པའི་མི་དོན་ཡིག་ཚགས་བྱ་བའི་སྲོལ་ཡིག་དང་ཆ་སྡེབས་ལམ་ལུགས་ཀྱི་སློབ་སྦྱོང་ལག་བསྟར་དང་། གཞུང་ཞབས་པ། ལས་དོན་སྡེ་ཁག་གི་མི་སྣའི་ཐོབ་ཐང་ངོས་འཛིན་སྲིད་ཇུས། ཡིག་ཚགས་ཞིབ་བཤེར་དང་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་ལས་བྱེད་པ་འདེམས་བསྐོ་བཀོལ་སྤྱོད་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱེད་པ་སོགས་ཕྱོགས་དམིགས་སུ་བཟུང་བ་དང་། ལས་བྱེད་པའི་མི་དོན་ཡིག་ཚགས་དོ་དམ་ཞིབ་བཤེར་གྱི་ཕྱོགས་སོ་སོ་དང་འབྲེལ་ལ། དེའི་ཁྲོད་ལས་བྱེད་པའི་མི་དོན་ཡིག་ཚགས་ཀྱི་སྲིད་ཇུས་གསར་བ་དང་རེ་བ་གསར་བ་འདུ་བ་དང་། བསྡུ་རུབ་ལེགས་སྒྲིག་དང་ཞིབ་བཤེར་ལས་སྒོ་ཕྱོགས་ལག་བསྟར་ཡང་འདུ་ལ། དེར་ཁ་གཏད་རང་བཞིན་དང་མཛུབ་ཁྲིད་རང་བཞིན་ཆེན་པོ་ལྡན། གསོ་སྦྱོང་ཐད་ནས་ཆེད་དོན་འཆད་ཁྲིད་དང་གྱོད་གཞི་དབྱེ་ཞིབ། ཡུལ་དངོས་དོགས་སེལ། ཞིབ་སྡུར་བརྗེ་རེས། ལས་སྒོ་ཞིབ་བཤེར་སོགས་རྣམ་པ་སྣ་མང་སྤྱད་དེ་སྤེལ།

རིན་ཆེན་མཚོས་བསྒྱུར།