
ཟླ་གཉིས་པའི་ཟླ་སྨད་ནས་ཟླ་གསུམ་པའི་ཟླ་མཇུག་བར་དུ། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ། ཞིང་ཆེན་སྤྱིའི་བཟོ་ཚོགས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་དང་མཉམ་འབྲེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནས་ལས་རྐང་འདོན་སྤྲོད་དང་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་དྲོད་ཁོལ་སྐྱེལ་བ་བརྗོད་དོན་དུ་བྱས་པའི2021ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱི་མུ་འབྲེལ་བྱ་འགུལ་སྤེལ།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་འགུལ་སྐྱོད་བྱས་པ་དང་། རང་སྒྲུབ་དང་མཉམ་སྒྲུབ་སོགས་ཀྱི་རྣམ་པ་སྤྱད་དེ་ལས་རྐང་འདོན་སྤྲོད་དང་ལས་ཞུགས་ལ་སྐུལ་འདེད་བཏང་སྟེ་མང་ཚོགས་ལ་དྲོད་ཁོལ་སྐྱེལ་བའི་བརྗོད་ལ་དམིགས་ནས། གོང་འོག་མཉམ་འབྲེལ་དང་བྱེད་ཐབས་སྣ་མང་གིས་སྲིད་ཇུས་སྐྱེལ་བ་དང་ལས་རྐང་སྐྱེལ་བ། ཁ་གསབ་སྐྱེལ་བ། གསོ་སྦྱོང་སྐྱེལ་བའི་བྱ་འགུལ་སྤེལ་ནས། དཔྱིད་རླུང་འགུལ་སྐྱོད་ལག་བསྟར་ནན་མོ་བྱས། 2021ལོའི་དཔྱིད་རླུང་འགུལ་སྐྱོད་ཀྱི་ཞིང་ཆེན་རིམ་པའི་ཆེད་དོན་མི་བསྡུ་གྲོས་ཚོགས་ཁྲོད། ཞིང་ཆེན་ཕྱི་ནང་གི་ཁེ་ལས་བཞི་བརྒྱ་མི་བསྡུ་གྲོས་ཚོགས་ལ་ཞུགས་ནས། མི་བསྡུ་ལས་རྐང་ཁྲི་གཉིས་ལྷག་བཀོད་སྒྲིག་བྱས། དེའི་ཁྲོད། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཞིང་ཆེན་གྱི་བུད་མེད་ཁེ་ལས་པའི་མཐུན་ཚོགས་དང་ཞིང་ཆེན་ཁྱིམ་ཚང་ཞབས་ཞུ་ལས་རིགས་མཐུན་ཚོགས། ཞིང་ཆེན་བུད་མེད་ལག་བཟོ་ཐོན་རྫས་མཐུན་ཚོགས་ཀྱིས་ཁོངས་མི་ཁེ་ལས་ཞེ་བདུན་རྩ་འཛུགས་བྱས་ནས། ལས་ཞུགས་ལས་རྐང་སྟོང་གཅིག་དང་བཞི་བརྒྱ་དོན་ལྔ་འདོན་སྤྲོད་བྱས་པ་དང་། འདོད་བློའི་གྲོས་མཐུན་བརྒྱ་དང་བཅུ་བདུན་བཀོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མི་བསྡུ་བྱ་འགུལ་ཐེངས་གྱ་བཞི་སྤེལ་བ་དང་། ལས་རྐང་ཁྲི་གཉིས་དང་སྟོང་དགུ་དགུ་བརྒྱ་དང་དགུ་འདོན་སྤྲོད་བྱས་ལ། ལས་ཞུགས་འདོད་བློ་སྟོང་གསུམ་དང་ཉིས་བརྒྱ་ཞེ་བདུན་བཀོད་པ་དང་། མི་སྟོང་གསུམ་དང་ལྔ་བརྒྱ་དོན་གཉིས་ལ་སྤྱི་ཐུན་ལས་ཞུགས་ལས་སྐྲུན་ཞབས་ཞུ་འདོན་སྤྲོད་བྱས་པ་མ་ཟད། མི་སྟོང་གཅིག་དང་གྱ་དགུ་ལ་ངལ་རྩོལ་ཁེ་དབང་སྲུང་སྐྱོབ་དང་བཅའ་ཁྲིམས་རོགས་སྐྱོར་འདོན་སྤྲོད་བྱས་པ་དང་། དཔྱིད་རླུང་བྱང་བུ་སྟེར་བ་སོགས་དྲིལ་སྒྲོག་ཡིག་ཆ་ཁྲི་ལྔ་དང་དགུ་བརྒྱ་ང་གཅིག་བཀྲམས།
རིན་ཆེན་མཚོས་བསྒྱུར།