མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད།
2021.04.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་སྐོར་གྱི་བཀོད་སྒྲིག་སྣ་ཚོགས་ལག་བསྟར་ཟབ་མོ་བྱེད་ཆེད། ཟླ་བཞི་པའི་ཚེས་དགུ་ཉིན། མཚོ་སྔོན་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་འཛུགས་སྐྲུན་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གཉིས་ཀྱིས་རིག་སྟོབས་ཞབས་ཞུ་སྟེགས་བུ་འཛུགས་སྐྲུན་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་བཀོད། ཕྱོགས་གཉིས་ཀྱིས་རིག་སྟོབས་སྟེགས་བུ་ལ་རྒྱབ་རྟེན་ནས་ཞིང་ཆེན་ཡོངས་ཀྱི་དམངས་གཉེར་ཁེ་ལས་ཚུལ་བསྒྱུར་དང་གསར་གཏོད་འཕེལ་རྒྱས་སུ་གཏོང་བའི་ཐད་སྔར་ལས་ཆ་ཚང་བ་དང་སྔར་ལས་སྟབས་བདེ་བ། སྔར་ལས་ཕན་མཐོ་བ། སྔར་ལས་རིག་ནུས་ཀྱི་ཞབས་ཞུ་འདོན་སྤྲོད་བྱས།

རིག་སྟོབས་ཞབས་ཞུ་སྟེགས་བུ་ནི་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་དངུལ་རྩ་སྡེ་ཁག་བར་གྱི་བརྗེ་རེས་ཀྱི་ཟམ་ཐག་དང་མཉམ་ལས་སྟེགས་བུ་ཡིན། སྟེགས་བུ་འཛུགས་སྐྲུན་བྱས་རྗེས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཚོང་ཚོགས། ཚོང་ཚོགས་ཀྱི་ཁོངས་མིས་དྲ་ཐོག་ནས་གཞུང་སྒྲུབ་བྱེད་པ་དང་བེད་སྤྱོད་བྱེད་མཁན་ལ་དོ་དམ་བྱེད་པ། ཚོགས་མིར་དོ་དམ་བྱེད་པ། བརྙན་རིས་གྲོས་ཚོགས། བསྡོམས་རྩིས་དབྱེ་ཞིབ། དུས་ཐོག་འཕྲིན་གཏོང་། གཅིག་བསྡུས་ཉོ་སྒྲུབ། ཆ་འཕྲིན་མཚམས་སྦྱོར། དངུལ་རྩ་ཞབས་ཞུ་སོགས་བྱེད་ཐུབ་ལ། དེ་ནི་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རེ་བ་ལག་བསྟར་བྱེད་པ་དང་། དམངས་གཉེར་ཁེ་ལས་ལ་དོན་དངོས་བསྒྲུབ་པའི་བྱེ་བྲག་གི་བྱེད་ཐབས་ཡིན་ལ། རང་ཞིང་གི་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བའི་ཐད་ནུས་པ་བསྩལ་བ་དང་དམངས་གཉེར་ཁེ་ལས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་དཀའ་ཁག་ཐག་གཅོད་པའི་གསར་གཏོད་བྱེད་ཐབས་ཀྱང་རེད།

གསར་འགོད་པས་གྲོས་མཐུན་བཀོད་པའི་མཛད་སྒོ་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། རང་ཞིང་གི་ཁེ་ལས་འབྲིང་ཆུང་གི་དངུལ་བསྲེས་དཀའ་བའི་གནད་དོན་ཐག་གཅོད་ཆེད། ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་འཐད་པ་བྱུང་བ་ལྟར། ཞིང་ཆེན་རིམ་པའི་སྤྱི་དབང་ལམ་ལུགས་མིན་པའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆེད་སྤྱོད་རོགས་སྐྱོར་མ་དངུལ་དེ་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་དངུལ་བུན་དང་ཡིད་རྟོན་དངུལ་བུན་གྱི་ཉེན་ཁ་མ་དངུལ་འཛུགས་པའི་ཐད་བཀོལ་རྒྱུ་ཡིན་པ་མ་ཟད། མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་འབྲིང་ཆུང་གི་ཡིད་རྟོན་དངུལ་བསྲེས་ཞབས་ཞུ་ལྟེ་གནས་ཀྱི་སྟེགས་བུ་སྟེང་བཀོལ་སྤྱོད་བྱེད་རྒྱུ་ཡིན་པ་དང་། སྟེགས་བུ་དེ་འཆར་གཞི་ལྟར་ན་ད་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་དངོས་སུ་བཀོལ་སྤྱོད་བྱེད་རྒྱུ་རེད།

རིན་ཆེན་མཚོས་བསྒྱུར།