མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་སྡུར་སྐབས་བརྒྱད་པ་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་མཚོ་སྔོན་པོའི་མཐའ་འཁོར་དུ་བསྡུ་རྒྱུ་རེད།
2021.04.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 48

ཉེ་ལམ། གསར་འགོད་པས་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་སྐབས་བརྒྱད་པའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་སྐབས་བརྒྱད་པ་ཟླ་བདུན་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་ལྔ་ཉིན་བར་མཚོ་སྔོན་པོའི་མཐའ་འཁོར་དུ་བསྡུ་རྒྱུ་རེད།

ཤེས་གསལ་ལྟར་ན། ཐེངས་འདིའི་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་སྐབས་བརྒྱད་པ་དེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཚན་རིག་ལག་རྩལ་པུའུ། བཟོ་ལས་ད་ཆ་འཕྲིན་ཅན་གྱི་པུའུ། ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་བཅས་ཀྱིས་མཉམ་འབྲེལ་སྒོས་གཙོ་སྒྲུབ་བྱེད་པ་དང་། ཀྲུང་གོ་རླངས་འཁོར་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོ་རླངས་འཁོར་བཟོ་སྐྲུན་ཞིབ་འཇུག་གླིང་། ཀྲུང་གོ་རླངས་འཁོར་འཕྲུལ་རྟ་འགུལ་སྐྱོད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་རོགས་སྒྲུབ་བྱེད་པ། ཀྲུང་གོ་གློག་སྒུལ་རླངས་འཁོར་མི་བརྒྱའི་ཚོགས་པ་དང་རྒྱལ་ཁབ་དྲ་རྒྱའི་གློག་སྒུལ་རླངས་འཁོར་ཞབས་ཞུའི་ཚད་ཡོད་ཀུང་ཟི། ཀྲུང་གོ་ཁྲིན་ཐུང་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་ཟི། མཚོ་སྔོན་མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་ཚད་ཡོད་ཀུང་ཟི་བཅས་ཀྱིས་སྒྲུབ་འགན་འཁུར་བཞིན་ཡོད།

མཚོ་སྐོར་རྒྱལ་སྤྱིའི་གློག་སྒུལ་རླངས་འཁོར་འགྲན་བསྡུར་དེ་ཉིས་སྟོང་བཅུ་བཞི་ལོར་བསྒྲུབས་པ་དང་ད་ལྟའི་བར་སྐབས་བདུན་ལ་བསྡུས་ནས། ཀྲུང་གོ་ནུས་ཁོངས་གསར་བའི་རླངས་འཁོར་འཕེལ་རྒྱས་གྲུབ་འབྲས་ཀྱི་གཅིག་སྡུད་སྐོར་འཁྲབ་དང་ཕྱོགས་བསྡུས་འགྲེམ་སྟོན་སྟེགས་བུ་ཞིག་ཏུ་གྱུར་ཡོད།

                                                                                                 བཀྲ་ཤིས་འབུམ་གྱིས་བསྒྱུར།