ཟླ་བཞི་བའི་ཚེས་བཅོ་ལྔ་ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གྲོས་ཚོགས་བསྡུས་ཏེ། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་སྐབས་བརྗེ་དར་སྲོལ་ལྟ་སྐུལ་མཛུབ་སྟོན་བྱ་བར་བཀོད་སྒྲིག་བྱས།
གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཚེས་བཅོ་ལྔ་ཉིན་ནས་བཟུང་ལྟ་སྐུལ་མཛུབ་སྟོན་ཚན་ཁག་སོ་སོ་འཕྲོ་རིམ་འཕྲོར་གྲོང་ཁྱེར་དང་ཁུལ་སོ་སོར་སོང་སྟེ་བྱ་བ་བསྒྲུབ་མགོ་རྩོམ་རྒྱུ་དང་ཟླ་བཞི་བའི་ཟླ་མཇུག་གི་སྔོན་ལ་སྐོར་དང་པོའི་སྐོར་ཞིབ་ལྟ་སྐུལ་ཡོངས་འགྲུབ་བྱེད་དགོས། མཚོ་སྔོན་ཞིང་ཆེན་གྱི་གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་སྐབས་བརྗེ་སྒྲིག་ལམ་ལ་གཟབ་ནན་བྱེད་པ་དང་སྐབས་བརྗེ་དར་སྲོལ་ལྟ་སྐུལ་བྱ་བར་ཤུགས་སྣོན་པའི་ལག་བསྟར་ཇུས་གཞིའི་བླང་བྱ་ལྟར། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་བཙུགས་གྲུབ་པར་ཐིན་རིམ་པའི་ལས་བྱེད་པས་ཚན་གཙོའི་འགན་འཁུར་བ་དང་སྐབས་བརྗེ་བྱ་བའི་འབྲེལ་ཡོད་ལས་ཁུངས་ནས་ལས་བྱེད་པ་འཐེན་ཏེ་ཁོངས་མི་བྱེད་པའི་ལྟ་སྐུལ་མཛུབ་སྟོན་ཚན་ཁག་བརྒྱད་བཙུགས་ནས། གྲོང་ཁྱེར་དང་རྫོང་། ཡུལ་ཚོ་བཅས་ཀྱི་སྐབས་བརྗེ་དར་སྲོལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུ་རེད། ལྟ་སྐུལ་མཛུབ་སྟོན་བྱ་བར་སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་དང་ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དང་ཆེད་དོན་ལྟ་སྐུལ་མཛུབ་སྟོན་བཅས་སུ་བགར་ཡོད་ལ། སྐོར་ཞིབ་ལྟ་སྐུལ་མཛུབ་སྟོན་དེ་གཙོ་བོ་སྐབས་བརྗེ་དར་སྲོལ་འགན་འཁྲི་དངོས་འབེབས་དང་སྐབས་བརྗེ་སྒྲོག་ལམ་སློབ་སྦྱོང་སློབ་གསོ། ལས་བྱེད་པ་གདམ་གསེས་བཀོལ་སྤྱོད་ལམ་ལུགས་གཏན་འཁེལ་དང་དངོས་འབེབས་བྱེད་པ། སྐབས་བརྗེ་དར་སྲོལ་གྱི་སྤྱིའི་གནས་ཚུལ་ལ་དམིགས་ཏེ་སྤེལ་བ་དང་། ཡུལ་དངོས་ནས་ལྟ་སྐུལ་མཛུབ་སྟོན་བྱེད་པ་དེ་གཙོ་བོ་གྲོང་ཁྱེར་དང་ཁུལ། དེ་མིན་རྫོང་དང་གྲོང་ཁྱེར། ཆུའུ། ཡུལ་ཚོ་དང་གྲོང་རྡལ་བཅས་ཀྱི་སྐབས་བརྗེ་འདེམ་བསྐོ་བྱ་བ་དང་སྐབས་བརྗེ་དར་སྲོལ་ལ་ལྟ་སྐུལ་མཛུབ་སྟོན་བྱེད་རྒྱུ་དེ་ཡིན་ལ། ཆེད་དོན་ལྟ་སྐུལ་མཛུབ་སྟོན་དེ་འབྲེལ་ཡོད་ཡར་ཞུའི་གནས་ཚུལ་ལྟར་ལུགས་མཐུན་སྒོས་སྤེལ་རྒྱུ་རེད།
བཀྲ་ཤིས་འབུམ་གྱིས་བསྒྱུར།