ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་སྲིད་ཁྲིམས་སྡེ་ཁག་གིས་བདག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་སྤེལ།
2021.04.22 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

གསར་འགོད་པས་ཞིང་ཆེན་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་བཅོས་སྐྱོང་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོའི་སྲིད་ཁྲིམས་སྡེ་ཁག་གིས་ཆབ་སྲིད་ཀྱི་སྣེ་ཁྲིད་འབུར་དུ་ཐོན་པར་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་དམིགས་འབེན་དུ་བྱས་པ་དང་། བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་སྤེལ་ནས། སློབ་སྦྱོང་སློབ་གསོ་ཐད་ཀྱི་བསམ་བློའི་གྲུབ་འབྲས་ཁག་ཁུར་བྱེད་ཕོད་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ། མི་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་གྲུབ་འབྲས་སུ་བསྒྱུར།

ཟི་ལིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཁྱིམ་ཐོ་སྒེའུ་ཁུང་གིས་ས་ཚིགས་གཅིག་རང་བཞིན་གྱི་ཞབས་ཞུ་དང་སྒེའུ་ཁུང་ནས་དང་ལེན་ལས་སྒྲུབ་བྱེད་པ། སྟེགས་བུ་གཅིག་ནས་མཉམ་སྤྱོད་བྱེད་པ་ལག་བསྟར་བྱས་པ་དང་། ཁ་པར་འདྲ་བཤུ་རིག་སྟོབས་ཁྱིམ་ཐོ་བྱ་བ་བསྒྲུབ་པ་དང་གཅིག་གཅིག་བཞི་ཁ་པར་ཁ་དན་བྱེད་པ། དྲ་ཐོག་ཁ་དན་བྱེད་པ། འདྲ་བཤུ་ཁ་དན་བྱེད་པ། ཐོབ་ཐང་ལག་ཁྱེར་སྦྲགས་སྐུར་བྱེད་པ་སོགས་ལས་སྒོ་སྤེལ་ལ། ལས་སྒྲུབ་ཚོམས་ཆེན་དུ་ལོ་ལོན་རྒན་པར་ཞབས་འདེགས་ཞུ་བའི་ལྗང་མདོག་བགྲོད་ལམ་བཙུགས་པ་དང་། གཟའ་མཇུག་དམངས་བདེ་འཛིན་བྱང་ལས་པའི་སྒེའུ་ཁུང་བཙུགས་ཏེ། མང་ཚོགས་ལ་སྟབས་བདེ་བསྐྲུན། མཚོ་ཤར་གྲོང་ཁྱེར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་ཞུ་གཏུག་གི་འགུལ་སྐྱོད་དངོས་ལ་བརྟེན་ནས་སློབ་གསོ་བཅོས་སྐྱོང་གི་སློབ་སྦྱོང་གྲུབ་འབྲས་ལག་བསྟར་བྱས། དམངས་ཚིས་ཁྱབ་ཁོངས་སུ་སོག་མ་མེར་བསྲེག་ནས་མཁའ་དབུགས་བཙོག་བཟོ་བྱེད་པའི་ཞུ་གཏུག་ཆེད་དོན་ལྟ་སྐུལ་བྱ་འགུལ་སྤེལ་བ་དང་། ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་གི་སྤྱི་ཕན་ཞུ་གཏུག་ཆེད་དོན་བྱ་འགུལ་སྤེལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཁྲིམས་ཁང་གིས་བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པ་དང་། ཁྲིམས་འཛིན་ཞབས་ཞུ་ཁེ་ལས་སུ་བསྐྱོད་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་དང་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་ར་རུ་བསྐྱོད་པའི་བྱ་འགུལ་སྤེལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་སྲིད་ཁྲིམས་སྡེ་ཁག་སོ་སོས་བཞུགས་མོལ་ཚོགས་འདུ་བསྡུས་པ་དང་གཞི་རིམ་དུ་སོང་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་ལ་རྒྱུས་ལོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ་བསམ་འཆར་བསྡུ་ལེན་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་ལ་རྒྱུས་ལོན་བྱས་པ་དང་། ཁྲིམས་འཛིན་ཅུའུ་ཡིས་མི་དམངས་ལ་ཕན་འདོགས་པའི་ཞབས་ཞུའི་བྱེད་ཐབས་བཅུ་གཉིས་ཕྱོར་བཏོན་ནས། བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་བཅའ་ཁྲིམས་སློབ་ར་རུ་བསྐྱོད་པའི་བྱ་འགུལ་སྤེལ།

དེ་དང་མཉམ་དུ། རྨ་ལྷོ་དང་མགོ་ལོག ཡུས་ཧྲུའུ་སོགས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་བྱས་ཏེ་འབྲེལ་འདྲིས་སྡེ་བ་རུ་སོང་ནས་མང་ཚོགས་ལ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་དྲིལ་སྒྲོག་བྱས་པ་མ་ཟད་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་རྒྱུས་ལོན་གསལ་བོ་བྱས། སྤྱི་བདེ་ལས་ཁུངས་ཞང་དང་གྲོང་རྡལ་དུ་སོང་ནས་ཉེན་རྟོག་དང་མི་དམངས་ནི་ཁྱིམ་ཚང་གཅིག་གི་མི་ལྟ་བུ་ཡིན་ཞེས་པའི་ཁ་གཏད་འབྲེལ་འཛུགས་བྱ་འགུལ་སྤེལ།  ཞིབ་དཔྱོད་ལས་ཁུངས་ཀྱིས་ཏང་གི་དྲིན་ལས་ཤེས་པ་དང་ཏང་གི་དྲིན་ལས་ཡིད་ལ་བཟུང་ནས། བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་ཅེས་པའི་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་ནས། འབྲོག་དམངས་ལ་འཚམས་འདྲི་བྱས་པ་དང་འོ་མ་དང་བྱེ་སྣུམ་སོགས་འཚོ་བའི་ཡོ་ཆས་སྐྱེལ་ལ། སྲིད་ཇུས་དང་བཅའ་ཁྲིམས་དྲིལ་སྒྲོག་བྱས། བྱེད་ཐབས་རབ་དང་རིམ་པ་བརྒྱུད་དེ། བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་ཐད་ནས་གྲུབ་འབྲས་བཟང་བོ་བླངས།

                                                                                                                            རིན་ཆེན་མཚོས་བསྒྱུར།