གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། དུས་ཚིགས་དང་པོའི་ནང་དུ། ཞིང་ཆེན་ཡོངས་སུ་མཁར་གྲོང་ལས་ཞུགས་པ་ཁྲི་གཅིག་དང་སྟོང་བདུན་བརྒྱ་དང་སོ་གཅིག་གསར་དུ་འཕར་སྣོན་བྱུང་བ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་དོན་གཉིས་དང་གྲངས་ཆུང་བརྒྱད་ཀྱིས་ཇེ་མང་དུ་འཕེལ། རོང་འབྲོག་ས་ཁུལ་གྱི་ངལ་རྩོལ་ནུས་པ་རིམ་སྤོར་བྱས་པ་ལ་བརྟེན་ནས་ལས་ཞུགས་མི་སྣ་འབུམ་གཉིས་དང་ཁྲི་དགུ་ལྷག་བཀོད་སྒྲིག་བྱས་པ་དང་། དེ་ནི་ལོ་སྔོན་མ་ལས་བརྒྱ་ཆའི་སོ་དྲུག་དང་གྲངས་ཆུང་དགུ་ཡིས་ཇེ་མང་དུ་སོང་། མཁར་གྲོང་གི་ལས་ཤོར་ཐོ་འགོད་བྱས་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་གཉིས་ལ་སླེབས་ཡོད་ཅིང་། ལས་ཤོར་གྱི་ཚད་ཆེས་དམའ་བ་ཚོད་འཛིན་བྱེད་ཐུབ་པ་བྱུང་ནས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཐད་ཕན་འབྲས་བཟང་བོ་ཐོབ།
ད་ལོ་ནས་བཟུང་། མཚོ་སྔོན་གྱིས་བསྟུད་མུར་ལས་ཞུགས་སྲིད་ཇུས་དངོས་འབེབས་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས། བར་མ་ཆད་པའི་སྒོ་ནས་ལས་ཞུགས་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་བ་དང་། ཐུན་མོང་སྒོས་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་མི་སྣ་བསྡུ་བའི་བྱ་འགུལ་གང་མང་སྤེལ་བར་བརྟེན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རྣམ་པ་བརྟན་གནས་ཕྱོགས་སུ་འཕེལ་བར་བྱེད་ཐབས་ནུས་ལྡན་བཏོན།
བན་དེ་སྐྱབས་ཀྱིས་བསྒྱུར།