ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། ཏང་གི་རྗེས་སུ་འབྲངས་པ། བྱ་སྐྱོད་དངོས་ཀྱི་སྟེང་ནས་ལྔ་བཞི་ལས་འགུལ་སྤེལ་ནས་ལོ་འཁོར་བརྒྱ་དང་གཉིས་ལོན་པར་རྗེས་དྲན་ཞུ་ཆེད། ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཐད་གཏོགས་ལས་ཁུངས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་གཙོ་སྒྲུབ་བྱས་ཤིང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་གུང་གཞོན་ཚོགས་པའི་བྱ་བའི་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཐད་གཏོགས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་གསར་འགྱུར་དཔེ་སྐྲུན་དང་སྨྱན་བྱད་ལས་རིགས་བཅས་ཀྱིས་མཉམ་དུ་འགན་ཁུར་ནས་བསྒྲུབ་པའི་ཏང་གི་ལོ་བརྒྱའི་གཏམ་རྒྱུད་བཤད་པའི་བྱ་འགུལ་ཞིང་ཆེན་ཚན་རྩལ་ཁང་ནས་བསྡུས།
ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ་ནས་ཡོང་བའི་ན་གཞོན་ལས་བྱེད་པས་གསར་བརྗེའི་གཏམ་བཤད་བཤད་པ་དང་འཁྲབ་སྟོན་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། ཟུར་མི་འདྲ་ས་དང་ཕྱོགས་མི་འདྲ་ས་ནས་གུང་ཁྲན་ཏང་མིས་གསར་བརྗེ་ཁྲོད་དཀའ་སྤྱད་འབད་འཐབ་བྱས་པའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་པ་དང་། གུང་ཁྲན་ཏང་གིས་གསར་བརྗེ་ཁྲོད་ཀྲུང་གོ་མི་དམངས་དང་སྐྱིད་སྡུག་མཉམ་མྱོང་བྱས་པའི་སྒེར་མེད་བློས་གཏོང་གི་སྙིང་སྟོབས་ལ་བསྔགས་བརྗོད་བྱས། བྱ་འགུལ་གྱིས་ན་གཞོན་གྱི་རྣམ་པ་སྤྱད་དེ་འདས་ཟིན་པའི་གཏམ་རྒྱུད་བཤད་པ་དང་། གུང་གཞོན་ཚོགས་པའི་ན་གཞོན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་པའི་སྤྲོ་སེམས་ཆེར་སྐྱེད་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཁྲོད་བློ་རིག་ཇེ་གསལ་དུ་གཏོང་བ་དང་སྙིང་སྟོབས་ཆེར་སྐྱེད།
གཏམ་རྒྱུད་ལོངས་སྤྱོད་གྲོས་ཚོགས་ཀྱིས་བརྗོད་སྙིང་ལ་དམིགས་པ་དང་། ལྟ་ཚུལ་གསལ་བོ་ཡིན་ལ། ནང་དོན་ཕུན་སུམ་ཚོགས་ཤིང་ཆ་ཚང་བ་དང་། ཡིད་འགུལ་ཐེབས་པའི་འདས་ཟིན་པའི་ལོ་རྒྱུས་ཡང་བསྐྱར་དྲན་གསོ་བཟང་བོ་བྱས།
རིན་ཆེན་མཚོས་བསྒྱུར།