མཚོ་སྔོན་གྱིས་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དམག་མིའི་ཁྱིམ་མིར་ལས་ཀ་བགོ་བའི་ཆེད་དོན་བྱ་འགུལ་སྤེལ།
2021.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 35

ཉེ་ལམ། མཚོ་སྔོན་གྱིས་ཉིས་སྟོང་ཉེར་གཅིག་ལོའི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དམག་མིའི་ཁྱིམ་མིར་ལས་ཀ་བགོ་བའི་ཆེད་དོན་བྱ་འགུལ་སྤེལ་ཏེ། མཚོ་སྔོན་གྱི་དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དམག་མིའི་ཁྱིམ་མིར་གནད་འཁེལ་ལས་ཞུགས་སྟེགས་བུ་བསྐྲུན། ཐེངས་འདིའི་ལས་ཀ་བགོ་བའི་བྱ་འགུལ་སྟེང་ཁྱོན་བསྡོམས་ཁེ་ལས་བརྒྱ་དང་ཉེར་དྲུག་་གིས་ལས་རྐང་སྟོང་གཅིག་དང་སུམ་བརྒྱ་ཉེར་ལྔ་འདོན་སྤྲོད་བྱས་ཡོད་ལ། དམག་ཁོངས་ལས་ཕྱིར་བུད་པའི་དམག་མི་དང་དམག་མིའི་ཁྱིམ་མི་དགུ་བརྒྱ་སོ་དགུ་དང་སྤྱི་ཚོགས་ཀྱི་ལས་རྐང་ཐོབ་པར་རེ་བ་བྱེད་ཀྱིན་པའི་མི་སྣ་སུམ་བརྒྱ་ཞེ་ལྔ། ཡུལ་དངོས་ནས་ལས་ཞུགས་བྱེད་འདོད་ཆེ་བའི་མི་ཉིས་བརྒྱ་བཅུ་བདུན་བཅས་ལ་ལས་རྐང་བཀོད་སྒྲིག་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།