མཚོ་སྔོན་ཞིང་ཆེན་གྱི་རི་མ་སྐམ་སའི་ནགས་སྐྲུན་ཚོད་ལྟ་ས་ཚིགས་ཀྱིས་དཔྱིད་དུས་ཀྱི་བྱ་བ་ཡོངས་འགྲུབ་བྱས།
2021.05.04 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

གསར་འགོད་པས་ཞིང་ཆེན་ནགས་རྩྭ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ་གསུམ་པའི་ཟླ་དཀྱིལ་ནས་བཟུང་རང་རེའི་ཞིང་ཆེན་གྱི་ས་གནས་ཁག་དུ་ལྗང་བསྒྱུར་གྱི་ཚ་རླབས་འཕྱུར་བཞིན་ཡོད་ལ། ཞིང་ཆེན་གྱི་ལྷོ་བྱང་གི་རི་ལྗང་བསྒྱུར་ཞབས་ཞུ་ལྟེ་གནས་གཞུང་སྒྲུབ་ཁང་གིས་ཉིས་སྟོང་ཉེར་གཅིག་ལོའི་ནགས་བསྐྲུན་དང་གསོ་སྐྱོང་ལས་འགན་གྱི་བརྡ་ཐོའི་རེ་འདུན་ལྟར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་རི་མ་སྐམ་སའི་ནགས་སྐྲུན་ཚོད་ལྟ་ས་ཚིགས་ཀྱིས་དཔྱིད་དུས་ཀྱི་བྱ་བ་ཡོང་འགྲུབ་བྱས་པ་དང་ནགས་སྐྲུན་རྒྱ་ཁྱོན་ལ་སྤྱི་ཆིང་གཉིས་ཚེག་དྲུག་བདུན་ཡོད་པ་རེད།

ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་རང་རེའི་ཞིང་ཆེན་གྱིས་ལྗང་བསྒྱུར་ས་ཁུལ་ལ་ཁ་གཏད་ནས་སྡོང་ཕྲུག་དྲུག་བརྒྱ་དང་དགུ་ཅུ་བཙུགས་པ་དང་། སྡོང་ཕྲུག་གི་མཐོ་ཚད་ལ་སྨི་གཉིས་ནས་སྨི་གསུམ་ཚེག་ལྔ་ཟིན་ལ། སྡོང་ཕྲུག་ཚང་མ་ནགས་ར་ནས་རང་གི་རེད། ད་ལྟ་སྡོང་འཛུགས་བྱ་བ་ཁྱོན་ཡོངས་ནས་ལེགས་པར་གྲུབ་ཚར། སྤུས་ཚད་ལྡན་པའི་ནགས་བསྐྲུན་ལས་འགན་ལེགས་པར་འགྲུབ་ཆེད། ལག་ཤེས་མི་སྣས་ནགས་འདེབས་འཛུགས་ཀྱི་རིམ་པ་ཁག་དང་ནུས་རྩལ་ཐད་རེ་བ་ནན་མོ་བཏོན་པར་མ་ཟད། སྡོང་ཕྲུག་ཚང་མར་སྔོན་ལ་བརྟག་དཔྱད་རྩིས་ལེན་བྱས་པ་དང་སྡོང་བུར་ཆུ་བཏང་། རྗེས་མར་མཚོ་སྔོན་ཞིང་ཆེན་གྱི་རི་མ་སྐམ་སའི་ནགས་སྐྲུན་ཚོད་ལྟ་ས་ཚིགས་ཀྱིས་སྡོང་བོའི་ཡལ་ག་མཛེས་བཟོ་དང་གཙང་སྦྲ། གནོད་འབུ་འགོག་བཅོས་སོགས་ཀྱི་བྱ་བ་བསྒྲུབ་ནས་སྡོང་ཕྲུག་གསོ་སྐྱོང་གི་བྱ་བ་ཡག་པོར་བསྒྲུབ་རྒྱུ་རེད།

མི་ཕམ་མགོན་པོས་བསྒྱུར།