ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཏང་འཛུགས་ལ་བརྟེན་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བཟང་བོར་སྤེལ།
2021.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 28

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ལམ་བུ་རྒྱ་བསྐྱེད་ཆེད། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཡུས་ཧྲུའུ་གསར་བའི་ཏང་འཛུགས་ཞེས་པའི་རིག་སྟོབས་ཏང་འཛུགས་སྟེགས་བུ་འདྲེན་བྱེད་དུ་བྱས་པ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་བསྒྲིགས་ལེ་ཚན་སྒྲུབ་ནས། མཛུབ་སྣེ་ཏང་འཛུགས་དང་མཛུབ་སྣེ་སློབ་གསོ་དེ་རྒྱུན་རྣམ་དུ་འགྱུར་བར་བྱེད་པ་དང་། ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་སློབ་གསོ་ཡོངས་ཁྱབ་ཏུ་དང་ལེན་བྱེད་པར་ཁག་ཐེག་བྱས།

ཡུས་ཧྲུའུ་གྲོང་ཁྱེར་གྱིས་ཕུན་སུམ་ཚོགས་པའི་རྟེན་གཞི་ཐོན་ཁུངས་ལ་བརྟེན་ནས། ཡུས་ཧྲུའུ་ཁུལ་གྱི་ཏང་གི་ལོ་རྒྱུས་བཤམས་སྟོན་ཁང་དང་ཡོམ་འགོག་གནོད་སྐྱོབ་རྗེས་དྲན་ཁང་། ཁྲ་མགུ་སྡེ་བའི་དྲིན་གཟོ་སློབ་གསོ་རྟེན་གཞི། རོང་པོ་གྲོང་རྡལ་གསར་བརྗེ་སློབ་གསོའི་རྟེན་གཞི་བཅས་དྲ་ཐོག་ཏུ་འཇོག་པ་དང་། དཔངས་གསུམ་ལངས་གཟུགས་དང་ཡུལ་དངོས་ལད་ཟློས་རྣམ་པ་སྤྱད་དེ། བོད་རྒྱ་སྐད་གཉིས་ཀྱི་རྣམ་པའི་སྒོ་ནས་འགྲེལ་བཤད་བྱས་ནས། ཏང་ཡོན་ཚོར་རིམ་པ་མང་བའི་མཐོར་ཚོར་མྱོང་ཚོར་བྱིན། དེ་དང་མཉམ་དུ། ཉེ་འགྲམ་གྱི་ཏང་ཡོན་རྒན་པ་དང་ཀྲི་པུའུ་ཧྲུའུ་ཅི་རྒན་པ། ཕུལ་བྱུང་སྡེ་སྡོད་ཧྲུའུ་ཅི་དང་པོ། སྔོན་ཐོན་དཔེ་མཚོན་སྐོར་ཞིག་གདན་ཞུ་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་གཙོ་གནད་དུ་བྱས་པ་དང་། རང་སྟེང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས། འགྲེལ་བཤད་བཟང་བོ་བྱས་པ་དང་། མང་ཚོགས་ཀྱི་གོ་བདེ་བའི་གཏམ་གྱིས་ཡུས་ཧྲུའུ་ཡི་བཅིངས་འགྲོལ་དང་སྲིད་བཙུགས་ལོ་རྒྱུས། བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལོ་རྒྱུས། གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་ཀྱི་ལོ་རྒྱུས་ཁྱོན་ཡོངས་ནས་བཟང་བོར་བཤད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ཇེ་ལེགས་སུ་བཏང་།

རིན་ཆེན་མཚོས་བསྒྱུར།