ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བར་སྐུལ་འདེད་བཏང་།
2021.05.06 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 56

ཉེ་ལམ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཞུང་སྒྲུབ་ཁང་གི་ལས་བྱེད་མི་སྣས་ཐིན་ཏང་ཨུ་དང་ཏང་ཀྲི་པུའུ་ཉི་ཤུ་ལ་འཚམས་འདྲི་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཟླ་རེར་ཞིབ་བཤེར་ཐེངས་གཅིག་གི་བྱ་བ་སྤེལ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་དུ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་པ་དང་དགོངས་པར་རྒྱུས་ལོན་བྱེད་པ། དོན་དངོས་སྒྲུབ་པ། རྣམ་པ་གསར་བ་གྲུབ་པར་བྱེད་པའི་སྤྱིའི་བླང་བྱ་ལ་དམིགས་ནས། གཙོ་གནད་འབུར་དུ་ཐོན་པ་དང་འགན་འཁྲི་ལག་བསྟར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྟན་བརླིང་ངང་སྤེལ། ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིན་གྱི་ཏང་ཡོན་དང་ཏང་ཀྲི་པུའུ་ཡིས་ཉེ་འགྲམ་གྱི་ཏང་གི་ལོ་རྒྱུས་ཀྱི་གཏམ་རྒྱུད་འཚོལ་ཞིབ་བྱས་པ་དང་། ཏང་ཡོན་རྒན་པ་དང་ལས་བྱེད་པ་རྒན་པ་གདན་འདྲེན་ཞུས་ནས་ཐིན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་ཏང་གི་སློབ་ཁྲིད་བྱས་ཏེ། ཏང་ཡོན་རྒན་པའི་དཀའ་སྤྱད་འབད་འཐབ་ཀྱི་ལོ་ཟླ་ཡང་བསྐྱར་མངོན་པར་བྱས།

བདག་གིས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་འགོ་མཇུག་བར་གསུམ་དུ་ཁྱབ་པར་བྱས་པ་དང་། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་མི་དམངས་ལ་ཞབས་འདེགས་ཞུ་བའི་སྒུལ་ཤུགས་དང་ལས་བྱེད་པའི་དཔུང་སྡེ་སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་བྱེད་པའི་ཚད་ཤིང་དུ་བསྒྱུར་བ་དང་། མི་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བྱ་བར་དབྱེ་ཞིབ་ནན་མོ་བྱས་ལ། མང་ཚོགས་ཀྱི་དགོས་མཁོ་དང་སེམས་ཁུར་ལ་སྦྲེལ་མཐུད་བྱས་ནས། མང་ཚོགས་ཀྱིས་ཡར་ཞུ་བྱས་པའི་འབུར་ཐོན་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་།

སྡེ་བ་དང་གྲོང་རྡལ་གྱི་ཏང་ཀྲི་པུའུ་ཡིས་མཐོ་སྒང་གི་མཛེས་པའི་ཡུལ་གྲོང་འཛུགས་སྐྲུན་དཔེ་སྟོན་སྡེ་བ་ལྔ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། རོང་འབྲོག་དམངས་ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བསྒྱུར་བཟོ་སྐྲུན་ལག་བསྟར་གནས་ཚུལ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་ལ། སྡེ་བའི་འཛུགས་སྐྲུན་གནས་བབ་ལ་མཐིལ་རྟོགས་བྱས་པ་དང་། དེའི་ཐད་གནས་པའི་འབུར་ཐོན་གནད་དོན་ལ་དབྱེ་ཞིབ་དང་། ད་ལོའི་ལག་བསྟར་ཇུས་གཞིའི་ཁྲོད་སྲིད་ཇུས་བྱེད་ཐབས་གཏན་ཁེལ་གསལ་བོ་བྱས་པ་དང་། གཞི་རིམ་གྱིས་སེམས་ཁྲལ་བྱེད་པའི་བྱ་བ་ཐག་གཅོད་བྱས།

རིན་ཆེན་མཚོས་བསྒྱུར།