ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏོང་བ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་རྣམ་པ་ཕུན་སམ་ཇེ་ཚོགས་སུ་བཏང་ནས་རྣམ་པ་གསར་བའི་ལམ་ནས་སེམས་སུ་འཇགས་ཆེད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་ཏང་ཨུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་ཁྲིད་ཚན་ཆུང་དང་མགོ་ལོག་ཁུལ་མི་རིགས་གླུ་གར་ཚོགས་པ་སོགས་ཀྱིས་སྒྲུབ་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཟློས་གར་ཁང་གི་ཏང་གི་སློབ་ཁྲིད་ཅེས་པ་ཉེ་ཆར་མགོ་ལོག་ཁུལ་གེ་སར་གློག་བརྙན་ཟློས་གར་ཁང་དུ་འཚོགས།
ཟློས་གར་ཁང་གི་ཏང་གི་སློབ་ཁྲིད་ནི་གསར་བརྗེའི་སྲོལ་རྒྱུན་རྒྱུན་འཛིན་དང་གསར་བརྗེའི་གཞི་རྒྱུ་རྒྱུད་འཛིན་བྱེད་པ་བརྗོད་དོན་བྱས་པ་ཞིག་ཡིན་ལ། ཡུལ་དངོས་སུ་གསར་བརྗེའི་དྲན་པ་སོགས་གསར་བརྗེའི་གླུ་དབྱངས་རེ་རེ་དང་གར་སྟབས་རེ་རེས་མི་སེམས་སྒུལ་བའི་གཏམ་རྒྱུད་རེ་རེ་བཤད་ལ། ངོ་མཚར་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རེ་རེ་ངོ་སྤྲོད་བྱས། སྒྱུ་རྩལ་སྣ་མང་གི་མཚོན་ཐབས་ལ་བརྟེན་ནས་ཡུལ་དངོས་ཀྱི་ཏང་ཡོན་རེ་རེར་མྱོང་ཚོར་ཟབ་མོ་བྱིན་པ་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བའི་ཆོད་སེམས་བརྟན་པར་བྱས།
མི་ཕམ་མགོན་པོས་བསྒྱུར།