ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཟི་ལིང་ནས་བསྡུས།
2021.05.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 59

ཟླ་ལྔ་པའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། བགྲོ་གླེང་འཛིན་གྲྭ་དེ་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་གཙོ་སྒྲུབ་བྱས་པ་དང་། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་གཉིས་ཀྱི་འགན་ཁུར་ནས་བསྒྲུབས་ལ། ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་ཆེད་བསྐོས་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ། རྫོང་། གྲོང་ཁྱེར། ཆུའུ་བཅས་སོ་སོའི་ཏང་ཨུ་དང་སྲིད་གཞུང་། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་བཅས་བསྡོམས་པས་མི་བཞི་བཅུ་བགྲོ་གླེང་འཛིན་གྲྭར་ཞུགས།

ཐེངས་འདིའི་བགྲོ་གླེང་འཛིན་གྲྭ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་འགོ་རྩོམ་པའི་བླང་བྱ་གལ་ཆེན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། འཆར་འགོད་ལག་བསྟར་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་བ་དང་། མིག་སྔའི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་འཕེལ་རྒྱས་སུ་སོང་མེད་པ་དང་དོ་མི་མཉམ་པ་ཐག་གཅོད་པའི་མངོན་སུམ་གྱི་དགོས་མཁོ་ཡང་ཡིན།

བགྲོ་གླེང་འཛིན་གྲྭས་ཏང་གི་གཞུང་ལུགས་དང་འཐབ་ཇུས་དང་ཇུས་ཆོད་གལ་ཆེན་དང་ཏང་གི་ལོ་རྒྱུས་དང་ཏང་གཤིས་སློབ་གསོ། ལས་བྱེད་པའི་ནུས་པ་མཐོར་འདེགས་གཏོང་བ་བཅས་ལ་དམིགས་ནས་སློབ་ཁྲིད་བྱས་པ་དང་། ཕྱོགས་བསྡུས་སྒོས་ཟུར་ཁྲིད་སློབ་ཁྲིད་དང་གྱོད་གཞི་དབྱེ་ཞིབ། ཕན་ཚུན་བརྗེ་རེས། ཡུལ་དངོས་སློབ་ཁྲིད་བྱེད་པ་སོགས་ཀྱི་རྣམ་པ་སྤྱད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་སུ་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མདུན་དུ་ལྷགས་པའི་འབྲེལ་བ་གལ་ཆེན་དང་བརྗོད་དོན་གཙོ་ཐིག འཐབ་ཇུས་གཙོ་གནད། ལས་འགན་གལ་ཆེན་སོགས་ལ་ཁྱོན་ཡོངས་ནས་འགྲེལ་ཀློག་ཆ་ཚང་བ་བྱས་པ་དང་། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་དང་མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་དམ་དུ་དམིགས་ནས། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་བརྗོད་དོན་འབུར་དུ་ཐོན་པར་བྱས་ལ། དེའི་དམིགས་འབེན་ནི་སློབ་མའི་བྱ་བའི་ཚན་རིག་རང་བཞིན་དང་མ་ལག་རང་བཞིན། གནད་ཕིགས་རང་བཞིན་དང་ཕན་འབྲས་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། སློབ་མས་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བཟང་བོ་བྱེད་པར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བའི་ཐད་ཀྱི་སྔར་ལས་མང་བའི་དྲིས་ལན་དང་ཆེས་བཟང་བའི་དྲིས་ལན་དང་། གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་རྒྱུ་དེ་རེད།

རིན་ཆེན་མཚོས་བསྒྱུར།