དུས་རབས་ཀྱི་མགྲིན་ཚབ་ཏུ་གྱུར་བའི་མཉམ་འདྲེས་སྨྱན་བྱད། __ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་བཀོད་འདོམས་ལྟེ་གནས།
2021.05.10 ཁུངས། ཀློག་གྲངས། 403

ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་མཉམ་འབྲེལ་ཚོགས་པ་མཚོ་ལྷོར་བསྐྱོད་པའི་ཆེད་དོན་བཅར་འདྲིའི་ཚོགས་པ་ཚེས་དགུ་ཉིན་གྱི་ཞོགས་པ་སྔ་མོར་ཞིན་ཧེ་རྫོང་ནས་ལམ་དུ་ཆས་ཏེ། རྨ་ཆུ་སྔོན་མོ་གཡས་སུ་འཁྱིལ་བའི་རབ་ཁ་བཅད་དེ་རྫོང་རུ་རིག་གནས་ཀྱི་ཕ་ས་རུ་གྲགས་པའི་ཐུན་ཏེ་རྫོང་དུ་འབྱོར། ཐུན་ཏེ་རྫོང་གི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་མགོ་ཁྲིད་བརྟན་པོའི་འོག ཏང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་ཉམས་སུ་མྱོང་བཞིན། འབྱོར་ཕྱུག་དཔལ་ཡོན་དང་མཛེས་སྡུག་འཆམ་མཐུན་གྱི་ལམ་དུ་བགྲོད་བཞིན་ཡོད་པ་དང་། སྤྱི་ཚོགས་དང་དཔལ་འབྱོར། རིག་གནས་སོགས་ཕྱོགས་གང་ཐད་དུ་གྲུབ་འབྲས་བཟང་བོ་ཐོབ་པ་དང་བསྟུན་ནས། མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་ཡང་ཇེ་ཆེར་འགྲོ་བཞིན་ཡོད། དགོས་མཁོ་དེ་བསྐང་ཆེད་ཉིས་སྟོང་ཉི་ཤུ་ལོར་ཐུན་ཏེ་རྫོང་གིས་སྔོན་ཆད་ཀྱི་ཐུན་ཏེ་རྫོང་རྒྱང་སྒྲོག་ས་ཚིགས་ཀྱི་རྨང་གཞིའི་སྟེང་། རྒྱང་སྒྲོག་དང་བརྙན་འཕྲིན། འཕྲིན་སྟེགས་སོགས་རིགས་སྣ་ཀུན་འདུས་ཀྱི་མཉམ་འདྲེས་སྨྱན་བྱད་ལྟེ་གནས་དངོས་སུ་བཙུགས་ཏེ། ས་གནས་མང་ཚོགས་ལ་ཕྱོགས་མང་བོའི་བརྡ་འཕྲིན་མཁོ་འདོན་དང་ཕན་བདེ་བསམ་གྱིས་མི་ཁྱབ་པ་བསྐྲུན་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལྟ་ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་འདིར་གཞུང་སྒྲུབ་ཁང་དང་སྨྱན་བྱད་གསར་བའི་རྩོམ་སྒྲིག་ཚན་ཁག གསར་འགྱུར་རྩོམ་སྒྲིག་ཚན་ཁག སྒྲོག་གཏོང་ཚོད་འཛིན་ལྟེ་གནས་སོགས་ཚན་ཁག་བདུན་ཡོད་པ་དང་། དེང་རབས་ཀྱི་སྔོན་ཐོན་སྣ་ཚོགས་འཐུས་ཚང་དུ་བསྒྲིགས་ཡོད། བརྙན་ཕབ་དང་སྒྲིག་སྦྱོར་སོགས་ཀྱི་ལག་རྩལ་ལ་བྱང་ཆ་ལྡན་ཞིང་། མ་འོངས་པར་སྤོབས་པས་ཁེངས་པའི་མི་སྣ་བཞི་བཅུ་ཙམ་གྱི་རུ་དཔུང་ཞིག་ཆགས་ཡོད། ཁོ་ཚོས་བརྙན་མིག་ལ་བརྟེན་ནས་ས་གནས་མང་ཚོགས་ལ་རིག་གནས་ཞབས་ཞུ་གང་ལེགས་བསྒྲུབ་པར་འབད་འབད་དུང་དུང་བྱེད་བཞིན་ཡོད།

ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་ཀྱིས་སྨྱན་བྱད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། གཏིང་ཟབ་པའི་སྒོ་ནས་གསར་འགྱུར་སྟེགས་བུ་གསར་སྐྲུན་ལག་བསྟར་བྱེད་པ་དང་མཉམ་དུ། སྨྱན་བྱད་ཀྱི་ཁྱབ་སྤེལ་བྱེད་ཚད་དང་ཤུགས་རྐྱེན་ཐེབས་ཚད། ཡིད་རྟོན་བྱེད་ཚད་ཇེ་དྲག་ཏུ་བཏང་སྟེ་སྔར་ལས་ལྷག་པའི་སྒོ་ནས་མང་ཚོགས་ལ་ཁྲིད་སྟོན་དང་མང་ཚོགས་ལ་ཞབས་ཞུ་བྱེད་པ་དམིགས་ཡུལ་དུ་བཟུང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་དམངས་འཚོའི་ལམ་བུ། རྫོང་རུ་རིག་གནས་ཀྱི་འབྱུང་ཡུལ་སོགས་ཁྱད་ཆོས་ལྡན་པའི་ཆེད་དོན་ལེ་ཚན་སྐོར་སྒྲོག་གཏོང་བྱེད་བཞིན་ཡོད་ལ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་བརྗོད་དོན་བྱས་པའི་ཆེད་དོན་ལེ་ཚན་གྱིས་སྨྱན་བྱད་ཀྱི་ལེགས་ཆ་བེད་སྤྱད་དེ་དུས་ཐོག་ཏུ་རྫོང་ཡོངས་ཀྱི་ལས་ཁུངས་སོ་སོར་བརྗོད་དོན་སློབ་གསོའི་བྱ་བའི་གྲུབ་འབྲས་དང་ཁྱད་ཆོས་བཅས་དྲིལ་སྒྲོག་བྱས་ཏེ། བརྗོད་དོན་སློབ་གསོའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན། དམངས་འཚོའི་ལམ་བུའི་ལེ་ཚན་གྱིས་ཁ་པར་དང་དྲ་ལམ་བརྒྱུད་ནས་མང་ཚོགས་ཀྱིས་བཏོན་པའི་གླེང་ཕྱོགས་གཙོ་བོ་དག་དྲིལ་སྒྲོག་བྱས་པས། གནད་དོན་ཐག་གཅོད་དང་སྤྱི་ཚོགས་ཞབས་ཞུའི་ཐད་ནུས་པ་ཆེན་པོ་ཐོན་པ་དང་། རྫོང་རུ་རིག་གནས་ཀྱི་འབྱུང་ཡུལ་ལ་འབྲེལ་བའི་ཆེད་དོན་ལེ་ཚན་གྱིས་རྫོང་རུ་རིག་གནས་ཀྱི་ཐུན་མིན་ཐོན་ཁུངས་ཁྱད་སྟོབས་བེད་སྤྱད་དེ་རྫོང་ཡོངས་ཀྱི་རང་བྱུང་མཛེས་ལྗོངས་ཀྱི་ཁྱད་ཆོས་དང་ལོ་རྒྱུས་རིག་གནས། ཡུལ་སྲོལ་གོམས་གཤིས་སོགས་སྔོག་འདོན་དྲིལ་སྒྲོག་བྱས་ཏེ། ས་གནས་རང་གི་རིག་གནས་ཡུལ་སྐོར་ལས་དོན་འཕེལ་རྒྱས་སུ་འགྲོ་བར་དྲིལ་སྒྲོག་གི་ནུས་ཤུགས་མི་དམན་པ་བཏོན་ཡོད།

ད་ལོ་ནས་བཟུང་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་དང་བོད་རྒྱ་སྐད་གཉིས་ཀྱི་དྲ་ཚིགས། སྐད་འཕྲིན་སྤྱི་སྟེགས་སོགས་བེད་སྤྱད་དེ་ཏང་གི་ལོ་རྒྱུས་ལ་སློབ་སྦྱོང་སློབ་གསོ་སོགས་བརྗོད་དོན་སློབ་གསོའི་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་ཁྱད་ཆོས། བྱེད་ཐབས་ དང་མཉམ་མྱོང་བཟང་པོ་དྲིལ་སྒྲོག་བྱས་པར་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པར་མ་ཟད། ཁས་ལེན་ཡང་ཆེན་པོ་ཐོབ་ཡོད།

ཞིང་ཆེན་བཞིའི་སྐབས་གསུམ་པའི་བོད་འབྲེལ་རླུང་བརྙན་འཕྲིན་གྱི་གསར་འགོད་པ་རྣམས་ཐུན་ཏེ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས་སུ་འབྱོར་བ།


རྫོང་རུ་རིག་གནས་ཀྱི་འབྱུང་ཡུལ་ཞེས་པའི་བརྙན་ཐུང་ལ་ལྟ་བཞིན་པ།

མཚམས་སྦྱོར་ལ་ཉན་བཞིན་པ།

སྒྲ་ལེན་ཁང་།

སྔོན་ཐོན་སྡེ་ཁག་སོགས་ཀྱི་བྱ་དགའི་རྣམ་གྲངས།

ཞིབ་བཤེར་ཁང་།

གསར་འགོད་པ་རྣམས་ཚན་ཁག་རེ་རེར་གཟིགས་ཞིབ་ཏུ་ཕེབས་བཞིན་པ།


གསར་འགོད་པ།  བསོད་ནམས་ཚེ་རིང་།   དབང་རྒྱལ་ཚེ་རིང་།  ལྕགས་ཐར་ཚེ་རིང་།