རྫ་སྟོད་རྫོང་གིས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་ཀྱི་ཐོག་འགོག་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སྤེལ།
2021.05.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 69

ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་ཁྲུལ་རྫ་སྟོད་རྫོང་གནམ་གཤིས་ཅུའུ་ཡིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་བདག་གིས་མང་ཚོགས་ལ་དོན་དངོས་བསྒྲུབ་པའི་ཆེད་དོན་ལག་ལེན་བྱ་འགུལ་དང་ཟུང་འབྲེལ་བྱས་པ་དང་། གནམ་གཤིས་ཚན་རྩལ་ཁྱབ་གདལ་ཐད་ཀྱི་ལས་བྱེད་མི་སྣ་སོ་སོར་རྣམ་སྲས་ཞང་རྡོ་ནག་སྡེ་བའི་སློབ་ཆུང་དང་རྡོ་ནག་སྡེ་བའི་ཇོ་མོ་དགོན་པར་སོང་ནས། དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་ཀྱི་གནམ་གཤིས་གནོད་འགོག་གནོད་སྐྱོབ་ཤེས་བྱ་དང་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སྤེལ་ནས། གནོད་འགོག་གནོད་སྐྱོབ་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། གློག་འཁྱུག་ཐོག་རྒྱག་གི་གནོད་འཚེ་གྱོང་གུན་ཇེ་དམའ་རུ་བཏང་།

རྫ་སྟོད་རྫོང་ལ་དབྱར་རྩྭ་དགུན་འབུའི་ཕ་ཡུལ་གྱི་མཚན་སྙན་ཐོབ་ཡོད་ལ། དབྱར་རྩྭ་དགུན་འབུ་བརྐོ་བའི་སྐབས་སུ་རྫོང་དེའི་བལྟོས་རྒྱུག་དྲག་པའི་ནམ་ཟླ་མང་བ་དང་། ཐོག་རྒྱག་པ་དང་རླུང་ཆེན་གཡུག་པ། སེར་བ་འབབ་པ་སོགས་ཀྱི་གནོད་འཚེ་བྱུང་ཚད་མང་། རྫ་སྟོད་རྫོང་གནམ་གཤིས་ཅུའུ་ཡིས་དབྱར་རྩྭ་དགུན་འབུ་བརྐོ་བའི་སྔོན་གྱི་གནད་འགག་གི་དུས་ཚོད་བདམས་ནས། ཡུལ་དངོས་ནས་ཚན་རྩལ་ཁྱབ་གདལ་དྲིལ་སྒྲོག་སྤེལ་བ་དང་། ལས་བྱེད་མི་སྣས་རྒྱ་བོད་སྐད་གཉིས་ཀྱིས་དབྱར་རྩྭ་དགུན་འབུ་བརྐོ་བར་ཡོང་བའི་མི་དང་ཇོ་མོར་གནམ་གཤིས་ཐོག་འགོག་ཉེན་གཡོལ་བདེ་འཇགས་ཤེས་བྱ་འགྲེལ་བཤད་བྱས་པ་མ་ཟད། དབྱར་རྩྭ་བརྐོ་བའི་སྐབས་ཀྱི་ཐོག་འགོག་ཉེན་གཡོལ་ཐད་ཀྱི་དྲིལ་སྒྲོག་ཤོག་བྱང་དང་བདེ་འཇགས་ཤེས་བྱའི་བྱང་བུ་ལྔ་བརྒྱ་ལྷག་མར་བཀྲམས།

རིན་ཆེན་མཚོས་བསྒྱུར།