རང་ཞིང་གིས་ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ནུས་ཁུངས་ཁྱབ་ཁོངས་ལས་གཞིའི་འཛུགས་སྐྲུན་ཐད་ལ་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཅིག་ཙམ་བཏང་།
2021.05.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

ཉེ་ལམ། གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་ཁྱབ་ཁོངས་སུ་བསྡོམས་པས་མ་དངུལ་སྒོར་ཐེར་འབུམ་དགུ་དང་དུང་ཕྱུར་དགུ་ལྷག་བཏང་བ་དང་། ཉིས་སྟོང་ཉེར་གཅིག་ལོའི་དངུལ་གཏོང་ལས་འགན་གྱི་བཞི་ཆའི་གཅིག་གི་ཡན་ཡོངས་འགྲུབ་བྱས་ནས། ལོ་ཧྲིལ་བོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

ཉིས་སྟོང་ཉེར་གཅིག་ལོར། ཞིང་ཆེན་ནུས་ཁུངས་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བརྟན་འཇགས་མ་རྩའི་དངུལ་གཏོང་བྱ་བ་བཟང་བོར་བསྒྲུབ་པའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་སྟེ། ཏན་ཏན་ཏིག་ཏིག་སྒོས་ཉིན་བརྒྱའི་མཁྲེགས་གཏོར་གྱི་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། རིམས་ནད་འགོག་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་པར་གཅིག་གྱུར་སྒོས་འཆར་འགོད་བྱས་ཤིང་།  སྟོབས་ཤུགས་ཡོད་རྒུ་བཏོན་ནས་ཞིང་ཆེན་སྲིད་གཞུང་གི་དངུལ་གཏོང་ལས་གཞིའི་ཆེད་དོན་ཚོགས་འདུའི་བཀོད་སྒྲིག་དམ་འཛིན་དང་དངོས་འབེབས་བྱས་པ་དང་། ལས་གཞིའི་ལག་བསྟར་ཤུགས་ཚད་ཇེ་ཆེར་བཏང་ཞིང་ནུས་ཁུངས་ཁྱབ་ཁོངས་ཀྱི་དངུལ་གཏོང་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་པ་དང་། ཞིང་ཆེན་ཡོངས་ཀྱི་ནུས་ཁུངས་ཁྱབ་ཁོངས་ཀྱི་ལས་གཞིའི་འཛུགས་སྐྲུན་གོ་རིམ་ལྡན་པར་ལག་བསྟར་བྱས་པས། ཟླ་དང་པོ་ནས་ཟླ་བཞི་པའི་བར་བསྡོམས་པས་མ་དངུལ་སྒོར་ཐེར་ཆེན་གཅིག་ཙམ་ཡོངས་འགྲུབ་བྱས།

                                                                                                              བཀྲ་ཤིས་འབུམ་གྱིས་བསྒྱུར།