མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་གསར་འགོད་པས་བསྒྲགས་ཡོང་བའི་གསར་འགྱུར་ལྟར་ན། མིག་སྔར་རྨ་སྟོད་རྫོང་མཁར་གྱི་གནས་ཚུལ་ལྷིང་འཇགས་ཡིན་ལ། ཡང་བསྐྱར་ས་འགུལ་འབྱུང་མིན་བཤད་དཀའ་བས། རྫོང་མཁར་དུ་གནས་སྐབས་ཀྱི་བཀོད་སྒྲིག་བྱེད་གནས་གསུམ་བཙུགས་ཡོད། རྒུད་སྐྱོབ་རས་གུར་གཙོ་བོ་རྨ་སྟོད་རྫོང་གི་རྨ་ཆུའི་འབྱུང་ཡུལ་ཐང་ཆེན་དང་། གེ་སར་ཐང་ཆེན། རྨ་སྟོད་རྫོང་བོད་ཡིག་བཅའ་སྡོད་སློབ་འབྲིང་གི་ལུས་རྩལ་ར་བ་བཅས་སུ་བཀོད་སྒྲིག་བྱས་ཡོད་ལ། རྒུད་སྐྱོབ་སྨན་རྫས་དང་སྨན་བཅོས་སྒྲིག་ཆས་གྲ་སྒྲིག་ཚགས་སུ་ཆུད་པ་བྱས་ཡོད།
ཕྱུག་ལོས་བསྒྱུར།