བཅའ་སྡོད་སློབ་འབྲིང་གི་བདེ་འཇགས་བཀོད་སྒྲིག་སྡོད་གནས་ཀྱི་གནས་ཚུལ།
2021.05.22 ཁུངས། ཀློག་གྲངས། 314

རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་བདེ་འཇགས་བཀོད་སྒྲིག་སྡོད་གནས་སུ་གནོད་སེལ་རས་གུར46བཙུགས་ཡོད་པ་དང་། སློབ་མ873དང་དགེ་བཟོ་བ116ཚང་མ་གནོད་སེལ་རས་གུར་ནང་སྤོས་ཟིན་ལ། རོགས་སྐྱོབ་དངོས་ཟོག་དང་བཟའ་བཅའ། དྲོད་སྲུང་སྒྲིག་ཆས་ཚང་མ་སྤྲད་ཡོད་པ་རེད། རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གི་བདེ་འཇགས་བཀོད་སྒྲིག་སྡོད་གནས་ཀྱི་གནས་སྐབས་སྨན་བཅོས་རོགས་སྐྱོབ་ས་ཚིགས་སུ་སྨན་བཅོས་རས་གུར4བརྒྱབ་ཡོད་པ་དང་། སྨན་བཅོས་མི་སྣ15ཡོད་ལ། རས་གུར་རེར་སྨན་པ3རེ་བཀོད་སྒྲིག་བྱས་ཡོད་། མིག་སྔར་རྨས་མ7ལ་སྨན་བཅོས་བྱས།