རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་ཚེས་ཉེར་གཉིས་ཉིན་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་འགན་ཁུར་བས་བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུའི་རིང་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས།
བོད་རང་སྐྱོང་ལྗོངས་ཏང་ཨུའི་ཧྲུའུ་ཅི་ཝུའུ་དབྱིན་ཅེ་ཡིས་བསྟན་དོན། ཞི་བའི་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུའི་རིང་ལ། བོད་ལྗོངས་ཀྱིས་ཏང་གི་མགོ་ཁྲིད་འོག་དམངས་གཙོ་བཅོས་བསྒྱུར་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཙུགས། ཀྲུང་དབྱང་སྲིད་གཞུང་གིས་རིམ་བརྩིས་ཀྱིས་བོད་སྐྱོང་དང་བོད་དར་ཐད་མ་དངུལ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་དྲུག་ཐེར་ཆེན་གསུམ་བཏང་ཡོད། ད་ལྟའི་བོད་ལྗོངས་ཀྱི་སྤྱི་ཚོགས་གནས་བབ་གཏན་འཇགས་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། མི་རིགས་ཆོས་ལུགས་བྱ་བར་སྐུལ་འདེད་བཏང་ཡོད་ལ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་བདེ་ཐང་ངང་འཕེལ་རྒྱས་སུ་འགྲོ་བཞིན་ཡོད། མི་དམངས་ཀྱི་ཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་སྟེ། ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་ཐོན་རིན་གཅིག་སྟོང་དགུ་བརྒྱང་གཅིག་ལོའི་སྒོར་དུང་ཕྱུར་གཅིག་དང་བྱེ་གཉིས་འབུམ་དགུ་ནས་ཉིས་སྟོང་ཉི་ཤུ་ལོའི་སྒོར་ཁྲག་ཁྲིག་གཅིག་དང་ཐེར་ཆེན་དགུ་དུང་ཕྱུར་གཉིས་བྱེ་བ་བདུན་ས་ཡ་བཞིར་འཕར་སྣོན་བྱུང་ཡོད་པས། བསྡུར་ཚད་ཀྱི་རིན་གོང་ལྟར་བརྩིས་ན་ལྡབ་སུམ་བརྒྱ་དང་ཉེར་གཅིག་ལྷག་འཕར་ཡོད་ཟེར།
ཝུའུ་དབྱིན་ཅེ་ཡིས་མཚམས་སྦྱོར་བྱས་དོན། རྗེས་ཕྱོགས་བོད་ལྗོངས་ཀྱིས་ནན་ཏན་གྱིས་གཏན་འཇགས་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་སྲུང་སོགས་ཀྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབས་ཏེ། མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། འཆམ་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་བ་ཞིག་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་རྒྱུ་ཡིན་ཟེར།
བསོད་ནམས་ཚེ་རིང་གིས་བསྒྱུར།