རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གིས་སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བའི་འགན་སྲུང་ལ་ཁག་ཐེག་གང་ལེགས་བྱས།
2021.05.24 ཁུངས། ཀློག་གྲངས། 59

ཟླ་ལྔ་པའི་ཚེས་ཉེར་གསུམ་ཉིན། རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གིས་ལུས་རྩལ་ར་བའི་སྟེང་སྦྲ་གུར་བཅུ་ཕྲག་འགའ་ཕུབ་ཅིང་། སློབ་མ་རྣམས་ཀྱིས་རྩྭ་ཁུགས་སུ་དཔེ་ཆ་ཀློག་གིན་འདུག གསར་འགོད་པས་ལོ་རིམ་དང་པོའི་འཛིན་གྲྭ་དང་པོའི་འཛིན་བདག་དགེ་རྒན་ཀྲང་ལ་བཅར་འདྲི་བྱས་པ་ན། ཁོས་བཤད་རྒྱུར། དེ་རིང་ནི་བྱིས་པ་རྣམས་ཀྱིས་སྦྲ་གུར་ནང་འཚོ་བ་རོལ་པའི་ཉིན་གཉིས་པ་རེད། ང་ཚོས་བྱིས་པ་རྣམས་ཀྱི་སློབ་དེབ་དང་འདུག་སྟེགས་སོགས་རིམ་པ་བགོས་ནས་ཁྱེར་ཡོང་སྟེ་སང་ཉིན་གྱི་སློབ་ཁྲིད་ལ་གྲ་སྒྲིག་བྱེད་ཀྱིན་ཡོད། མིག་སྔར་བྱིས་པ་རྣམས་ལ་སློབ་ཁང་ནང་སློབ་ཁྲིད་བྱེད་པའི་མགོ་བརྩམས་ཟིན། སློབ་མ་རྣམས་ཀྱི་རྣམ་རིག་ཀྱང་ཤིན་ཏུ་བཟང་། རོགས་སྐྱོར་སྡེ་ཁག་སོ་སོས་དངོས་རྫས་བསྐྱལ་ཡོང་པ་ཡང་ཚང་མ་འབྱོར་ཡོད་ཟེར།

རྨ་སྟོད་རྫོང་མི་རིགས་བཅའ་སྡོད་སློབ་འབྲིང་གིས་སློབ་མ་རྣམས་ལ་སྦྲ་གུར་ནང་དུ་སློབ་ཁྲིད་བཀོད་སྒྲིག་བྱས་ཤིང་། ལུས་རྩལ་ར་བའི་ནང་དུ་བྱིས་པ་རྣམས་ཀྱི་ལུས་རྩལ་སྦྱོང་བརྡར་རྒྱུན་འཁྱོངས་བྱས་པ་མ་ཟད། གནས་སྐབས་ཀྱི་སློབ་མའི་ཟ་ཁང་སོགས་བཀོད་སྒྲིག་བྱས་ཏེ། སློབ་མ་རྣམས་ཀྱི་སློབ་སྦྱོང་དང་འཚོ་བ་རྒྱུན་ལྡན་ལྟར་འཁོར་བསྐྱོད་བྱེད་ཐུབ་པར་འགན་སྲུང་གང་ལེགས་བྱས་འདུག

སྐལ་བཟང་རྣམ་རྒྱལ་གྱིས་བསྒྱུར།