ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། གསར་འགོད་པས་མཚོ་སྔོན་རྨ་སྟོད་ཀྱི་ལྔ་བའི་ཉེར་གཉིས་ཉིན་གྱི་ས་འགུལ་གྱི་གནོད་འགོག་རྒུད་སྐྱོབ་ཀྱི་གསར་འགྱུར་སྒྲོག་སྤེལ་གྲོས་ཚོགས་ཐེངས་བཞི་བའི་སྟེང་རྒྱུས་ལོན་པ་ལྟར་ན། ཞིབ་བཤེར་ཐེངས་གཉིས་པ་བརྒྱུད་མཐར། ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན་གྱི་དུས་ཚོད་བཅུ་གཉིས་བར་དུ། རྨ་སྟོད་དང་རྨ་ཆེན་རྫོང་དུ་སྡོམ་པས་མི་བཅུ་བདུན་ལ་རྨས་ཕོག་པ་དང་དེའི་ཁྲོད་ཀྱི་མི་བཅུ་གཉིས་སྨན་ཁང་ནས་ཕྱིར་བུད། མིག་སྔར་གནོད་འགོག་རྒུད་སྐྱོབ་བྱ་བ་གོ་རིམ་ལྡན་པའི་ངང་སྒྲུབ་བཞིན་ཡོད་ལ། མང་ཚོགས་ཀྱི་སེམས་ཁམས་བརྟན་པོ་ཡོང་བ་དང་སྤྱི་ཚོགས་སྒྲིག་རིམ་རྒྱུན་ལྡན་དུ་གནས།
མི་ཕམ་མགོན་པོས་བསྒྱུར།