ཟླ་ལྔ་བའི་ཚེས་ཉེར་གཉིས་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་དུས་ཚོད་དང་པོའི་ནང་མང་ཚོགས་ཚོགས་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་འཕྲལ་བསྟུན་ལས་རེས་ལ་ཤུགས་སྣོན་པ་དང་གནོད་ཐེབས་གནས་ཚུལ་གྱི་འགུལ་རྣམ་ལ་དོ་སྣང་བྱེད་པ། གནོད་ཐེབས་གནས་ཚུལ་གྱི་འཕྲལ་བསྟུན་ཐག་གཅོད་བྱ་བ་བཟང་བོར་བསྒྲུབ་པར་གཞོགས་འདེགས་བྱེད་པའི་ཐད་ནས་རེ་བ་བཏོན།
ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱིས་མྱུར་དུ་འཕྲལ་བསྟུན་ཐག་གཅོད་ཀྱི་ལས་འགན་སྣ་ཚོགས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། དུས་ཐོག་ཏུ་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སྤྱིའི་བཟོ་ཚོགས་དང་རྨ་སྟོད་རྫོང་སྤྱིའི་བཟོ་ཚོགས། ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པ། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་བཅས་དང་འབྲེལ་འདྲིས་བརྗེ་རེས་བྱས་ནས། གནོད་ཐེབས་ས་ཁུལ་གྱི་ཆ་འཕྲིན་འགུལ་རྣམ་ལ་རྒྱུས་ལོན་བྱས་པ་དང་། བྱ་བའི་བྱེད་ཐབས་གཏན་འབེབས་བྱས་ལ། གནོད་སེལ་འགན་སྲུང་བཟང་བོར་བསྒྲུབས། དུས་ཚོད་ཉེར་བཞིའི་ལས་རེས་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། མྱུར་དུ་འཕྲལ་བསྟུན་རྣམ་པར་ཞུགས་ཏེ། གནོད་ཐེབས་གནས་ཚུལ་ཐད་ཀྱི་ཆ་འཕྲིན་བཟང་བོར་བསྒྲགས་པར་ཁག་ཐེག་བྱས་པ་དང་། དུས་ཐོག་ཏུ་ཕན་ནུས་ཡོད་པའི་སྒོ་ནས་བྲེལ་མྱུར་གནས་ཚུལ་ཐག་གཅོད་བྱས། ལས་བཟོ་བའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་པ་དང་། གླེང་ཕྱོགས་ཚོད་འགོག་བྱ་བ་བཟང་བོར་བསྒྲུབས་ལ། གནོད་འགོག་རྒུད་སྐྱོབ་ཐད་ཀྱི་ཚན་རིག་ཤེས་བྱ་ཁྱབ་གདལ་བྱས་ཏེ། དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་མི་ཆེས་པ། དཀྲོག་གཏམ་མི་སྒྲོག་པར་བྱས།
བཟོ་ཚོགས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་བྱས་པ་དང་། འཚམས་འདྲིའི་མ་དངུལ་གྲབས་གསོག་བྱས་ལ། དགོས་མཁོ་ལྟར་དུས་ཐོག་ཏུ་གནོད་ཐེབས་ལས་བཟོ་བ་དང་མང་ཚོགས། ཡུལ་དངོས་ཀྱི་རྒུད་སྐྱོབ་ལས་བཟོ་བར་འཚམས་འདྲི་བྱེད་པའི་བྱ་འགུལ་སྤེལ་བ་དང་སེམས་གསོ་བྱས། ལས་བཟོ་བར་མཐུན་སྒྲིལ་སྐུལ་སློང་བྱས་ནས་གནོད་འགོག་རྒུད་སྐྱོབ་ཀྱི་སྙིང་སྟོབས་དང་ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དར་སྤེལ་བྱས་པ་དང་། གོ་རིམ་ལྡན་པའི་སྒོ་ནས་གནོད་ཐེབས་གནས་ཚུལ་གྱི་འཕྲལ་བསྟུན་ཐག་གཅོད་བྱ་བའི་ཁྲོད་ཞུགས་ལ། བཟོ་བའི་གདོང་ལེན་པའི་སྔོན་ཐོན་གསར་སྐྲུན་བྱ་འགུལ་སྤེལ་བ་དང་། དཔེ་སྟོན་སྣེ་ཁྲིད་བྱས་པ་དང་སྙིང་སྟོབས་ཆེར་སྐྱེད་དེ། ཐོན་སྐྱེད་འཚོ་བའི་སྒྲིག་ལམ་མྱུར་དུ་སླར་གསོ་བྱས། གནོད་འཚེ་ཡི་དབང་གིས་འཚོ་བར་དཀའ་ཁག་བྱུང་བའི་ལས་བཟོ་བ་དང་མང་ཚོགས་ལ་རོགས་སྐྱོར་བྱེད་པའི་བྱ་བ་བཟང་བོ་བསྒྲུབ་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་མང་ཚོགས་ཁྲོད་སྐྱེལ།
རིན་ཆེན་མཚོས་བསྒྱུར།