གནམ་གྲུ་འབབ་ཐང་གི་མཁའ་དབྱིངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོས་རང་ཉིད་ལ་སྲུང་སྐྱོབ་བྱས་པ་ཡིན།
2021.05.28 ཁུངས། ཀློག་གྲངས། 33

གནམ་གྲུ་འབབ་ཐང་གི་མཁའ་དབྱིངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་ང་ཚོས་རང་ཉིད་ལ་སྲུང་སྐྱོབ་བྱས་པ་ཡིན།

གནམ་གྲུ་ཐང་གི་མཁའ་དབྱིངས་ཀྱི་སྲུང་སྐྱོབ་ཁུལ་དུ་གཤམ་གྱི་བྱ་འགུལ་དག་གཏན་འགོག་བྱེད་དགོས།

གཅིག ཆོག་མཆན་མེད་ན་མཁའ་བསྐྱོད་བརྙན་ལེན་འཕྲུལ་ཆས་དང་གནམ་གྲུའི་དཔེ་གཟུགས། འཕུར་གྲུ། རླུང་ཤུགས་གནམ་གྲུ། རླུང་ཤུགས་མཆོང་གདུགས། འགུལ་ཤུགས་མཆོང་གདུགས་སོགས་ནམ་མཁར་བཏང་མི་ཆོག

གཉིས། གནམ་གྲུ་ཐང་གི་མཁའ་དབྱིངས་སྟོང་བའི་བཀག་འགོག་དངོས་རྫས་ཚོད་འཛིན་བྱས་པའི་མཐོ་ཚད་དང་བརྒལ་བའི་གནས་སུ་འཛུགས་སྐྲུན་དངོས་རྫས་དང་སྒྲིག་ཆས་གཞན་པ་ཅི་ཡང་ལས་མི་ཆོག

གསུམ། རྫས་དུད་དང་ས་རྡུལ། མེ་ལྕེ། རླངས་པ་སོགས་གང་མང་ནམ་མཁར་སོང་ན་བར་སྣང་འཕུར་བསྐྱོད་ལ་ཤུགས་རྐྱེན་ཐེབས་པས། རྫས་དུད་དང་ས་རྡུལ། རླངས་པ། མེ་སྟག་གཙུབ་པ་སོགས་ཀྱི་འཛུགས་སྐྲུན་དངོས་རྫས་དང་སྒྲིག་ཆས་གཞན་པ་ལས་མི་ཆོག

བཞི། འབེན་ར་དང་འབར་གས་སླ་བའི་མཛོད་ཁང་སོགས་མཁའ་དབྱིངས་ཀྱི་འཕུར་བསྐྱོད་ལ་ཤུགས་རྐྱེན་ངན་པ་བཟོ་བའི་འཛུགས་སྐྲུན་གྱི་རིགས་ལས་མི་ཆོག

ལྔ་། གནམ་གྲུ་ཁ་ལོ་བ་དང་གནམ་གྲུ་ཐང་གི་འཕུར་བསྐྱོད་གཞོགས་འདེགས་སྒྲིག་ཆས་ཀྱི་མཐོང་ལམ་ལ་གནོད་པ་བཟོ་བའི་གློག་འོད་དང་མཚོན་རྟགས་འགེལ་བྱང་སོགས་དངོས་རྫས་བཞག་མི་ཆོག

དྲུག གནམ་གྲུའི་འཕུར་བསྐྱོད་བདེ་འཇགས་དང་འཕུར་བསྐྱོད་གཞོགས་འདེགས་སྒྲིག་ཆས་བཀོལ་སྤྱོད་ལ་ཤུགས་རྐྱེན་བཟོ་བའི་སྐྱེ་དངོས་འདེབས་འཛུགས་བྱས་མི་ཆོག

བདུན། ཕུག་རོན་སོགས་འདབ་ཆགས་རིགས་ནམ་མཁར་གཏོང་པ་དང་།མཁའ་བསྐྱོད་བརྙན་ལེན་འཕྲུལ་ཆས་དང་དབུགས་ལྒང་།ཤོག་བྱ་སོགས་ནམ་མཁར་བཏང་ནས་མཁའ་དབྱིངས་ཀྱི་འཕུར་བསྐྱོད་བདེ་འཇགས་ལ་ཤུགས་རྐྱེན་བཟོས་མི་ཆོག

བརྒྱད། ཤོག་སྦག་མེ་ཏོག་མ་རྒྱག་པ་དང་མེ་ལྕེ་མཆེད་པ། ཞིང་ཁའི་ལོ་རྩྭ་དང་གད་སྙིགས་སོགས་མེར་ནས་སྲེག་ནས་མཁའ་དབྱིངས་ཀྱི་འཕུར་བསྐྱོད་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་བཟོས་མི་ཆོག

དགུ། གནམ་གྲུ་ཐང་དང་ར་སྐོར་ཕྱིའི་ཆེད་སྤྱོད་སྒྲིག་ཆས་ཀྱི་མཐའ་མཚམས་སུ་སྨི་ལྔའི་ཁྱབ་ཁོངས་ནས་འཛུགས་སྐྲུན་དངོས་རྫས་ལས་པ་དང་། སྡོང་འཛུགས་བྱེད་པ། ས་རྐོ་རྡོ་སློག་བྱེད་པ། དངོས་ཟོག་སྤུངས་པ་སོགས་འཕུར་བསྐྱོད་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་བྱ་འགུལ་དག་ལ་གཟབ་དགོས།

བཅུ། གོང་གསལ་གྱི་ནང་དོན་དག་ལས་གཞན་པའི་འཕུར་བསྐྱོད་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་བྱ་སྤྱོད་གཞན་དག་ལ་གཟབ་དགོས།