མགོ་ལོག་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་ས་ཡོམ་གནོད་ཁུལ་གྱི་མང་ཚོགས་ལ་སྔོ་ཚོད་སྣ་ཚོགས་འདོན་སྤྲོད་བྱས།
2021.05.31 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 32

གསར་འགོད་པས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ནས་རྒྱུས་ལོན་བྱས་པ་ལྟར་ན། སྟོབས་ཤུགས་ཡོད་རྒུ་བཏོན་ཏེ་རིགས་སོ་སོའི་འཕྲལ་བསྟུན་དངོས་རྫས་གསོག་འཇོག་གང་ལེགས་བྱས་ནས། ས་ཡོམ་གནོད་ཁུལ་གྱི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱེད་པའི་རྨང་གཞིའི་སྟེང་མང་ཚོགས་ལ་ཅིས་ཀྱང་མཁོ་བའི་སྔོ་ཚོད་ཇེ་མང་དུ་བཏང་།

མགོ་ལོག་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལྟར། མགོ་ལོག་ཁུལ་བཟོ་ལས་ཚོང་དོན་དང་ཆ་འཕྲིན་ཅན་ཅུའུ་ཡིས་རིན་ཐང་སྒོར་ཁྲི་བདུན་ཡོད་པའི་ཞོག་ཁོག་དང་ཚལ་ཀྭ སྒོག་པ། ཀྲོ་མ་ཀྲུ་སོགས་སྣ་དགུ་ཡོད་པའི་སྔོ་ཚོད་ཏུན་ཉི་ཤུ་མྱུར་དུ་ཉོས་ཏེ། ས་ཡོམ་གནོད་ཁུལ་གྱི་བཀོད་སྒྲིག་བྱེད་ས་སོ་སོར་བསྐྱལ་ནས་གནོད་ཁུལ་མང་ཚོགས་ཀྱིས་སྔོ་ཚོད་སྣ་ཚོགས་ཟ་ཐུབ་པ་འགན་སྲུང་བྱས་པར་མ་ཟད་ས་ཡོམ་རྒུད་སྐྱོབ་སྐབས་ཀྱི་འཚོ་བའི་དགོས་མཁོ་དངོས་རྫས་དུས་ལྟར་འདོན་སྤྲོད་བྱས།

                                                                                          བཀྲ་ཤིས་འབུམ་གྱིས་བསྒྱུར།