ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་འགྲེམ་ཚོགས་སྐབས་དང་པོའི་མཚོ་སྔོན་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆའི་ངོ་སྤྲོད་ཚོགས་འདུ་ཚེས་བདུན་ཉིན་བསྡུ་འགོ་བརྩམས།
ཐེངས་འདིའི་ངོ་སྤྲོད་ཚོགས་འདུས་རབ་མཛེས་མཚོ་སྔོན་དུ་ལྷན་འཛོམས་བྱས་ནས། སྐྱེ་ཁམས་གནས་སྐོར་མཉམ་སྤྱོད་བྱེད་པ་བརྗོད་དོན་དུ་བྱས་པ་དང་། དེའི་དམིགས་འབེན་ནི་སྤྱི་ཚོགས་ཡོངས་ཀྱིས་སྐྱེ་ཁམས་གནས་སྐོར་ལ་དོ་སྣང་བྱེད་པ་དང་། སྐྱེ་ཁམས་གནས་སྐོར་ཁྲོད་ཞུགས་པ། སྐྱེ་ཁམས་གནས་སྐོར་ལ་རྒྱབ་སྐྱོར་བྱེད་པའི་སྣང་ཚུལ་བཟང་བོ་བསྐྲུན་ནས། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་འབེན་ས་ཆ་འཛུགས་སྐྲུན་བྱེད་པའི་ཐད་སྒུལ་ཤུགས་གསར་བ་སྣོན་རྒྱུ་དེ་ཡིན།
ངོ་སྤྲོད་ཚོགས་འདུའི་སྟེང་། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་བརླན་ས་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་མཱ་ཅན་ཧའེ་ཡིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་སྣེ་ཁྲིད་དུ་བྱས་ནས་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པ་བརྗོད་དོན་དུ་བྱས་ཏེ། མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མཚོ་སྔོན་པོ་སོགས་རང་བྱུང་ཐོན་ཁུངས་དང་མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་སོགས་ཕྱོགས་ཀྱི་བྱེད་ཐབས་དང་གྲུབ་འབྲས་ངོ་སྤྲོད་བྱས། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་བོན་བརྒྱ་ཕྱུགས་རའི་འགན་ཁུར་མི་སྣས་སྐྱེ་ཁམས་འཕེལ་རྒྱས་སྲུང་སྐྱོབ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་དང་ཕྱུག་པོར་བསྒྱུར་བ་སོགས་ཕྱོགས་ནས་ཕྱུགས་རའི་འདུག་སྡོད་བགྲོད་གསུམ་དང་གནས་སྐོར། ཉོ་སྒྲུབ། རྩེད་འཇོ་བཅས་ནང་དོན་དྲུག་ཐད་ནས་ངོ་སྤྲོད་གསལ་བོ་བྱས།
རིན་ཆེན་མཚོས་བསྒྱུར།