ཐུན་ཏེ་རྫོང་གིས་བྱེད་ཐབས་གསུམ་མཉམ་སྤྱོད་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ།
2021.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 18

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་སྟེགས་བུ་སྣ་ཚོགས་བཀོལ་ཏེ། དྲ་ལམ་དང་དྲ་ཕྱི་ཟུང་དུ་སྦྲེལ་བ་དང་། སློབ་ཁྲིད་དང་སློབ་ཞོར་ཟུང་དུ་སྦྲེལ་བ། གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་བ་བཅས་ཀྱི་ཐབས་ཤེས་སྤྱད་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་དགོངས་དོན་སློབ་སྦྱོང་ཁྲོད་དུ་ལོ་རྒྱུས་རྟོགས་པར་བྱས་ནས། དམར་པོའི་རིག་གནས་ཁྲོད་དུ་མདུན་སྐྱོད་ཀྱི་སྟོབས་ཤུགས་བསྡུ་ལེན་བྱེད་པར་ཁྲིད་སྟོན་བྱས།

དྲ་ལམ་དང་དྲ་ཕྱི་ཟུང་དུ་སྦྲེལ་ནས་སློབ་སྦྱོང་སློབ་གསོའི་ཤུགས་ཚད་ཇེ་ཆེར་བཏང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། སློབ་སྦྱོང་སློབ་གསོའི་ཤུགས་ཚད་དངོས་སུ་ཇེ་ཆེར་བཏང་། དྲ་ལམ་ནས་སློབ་སྦྱོང་གི་སྟེགས་བུ་བཀོལ་སྤྱོད་གང་ལེགས་བྱས་ཏེ། སྐད་འཕྲིན་སྤྱི་སྟེགས་ལས་ཏང་གི་ལོ་རྒྱུས་སློབ་སྦྱོང་ཞེས་པའི་ལེ་ཚན་གསར་སྣོན་བྱས་ནས། ཁྱད་ཆོས་ཅན་གྱི་ཏང་གི་ལོ་རྒྱུས་རྒྱུ་ཆའི་རིག་རྩལ་བརྩམས་ཆོས་སྒྲོག་སྤེལ་གང་ལེགས་བྱས། དྲ་ཕྱི་ནས་ཏང་གཤིས་སློབ་གསོའི་རྟེན་གཞི་དང་། སྲིད་གཙང་སློབ་གསོའི་རྟེན་གཞི་སོགས་བཀོལ་སྤྱོད་གང་ལེགས་བྱས་ཏེ། ལས་བྱེད་པར་ལྟ་སྐོར་སློབ་སྦྱོང་བྱེད་དུ་བཅུག་པ་དང་། ཏང་གི་ལོ་རྒྱུས་ཀྱི་གཅིག་ཅན་བདུན་གྱི་བྱ་འགུལ་དང་སྦྲེལ་ནས། དམར་པོའི་གློག་བརྙན་ལ་ལྟ་བ་དང་། ཏང་གི་ལོ་རྒྱུས་ཤེས་བྱའི་འགྲན་སྡུར་སྤེལ་ལ། དམར་པོའི་རྟེན་གཞིར་ལྟ་སྐོར་བྱེད་པ་སོགས་ཀྱི་བྱ་འགུལ་སྤེལ།

སློབ་ཁྲིད་དང་སློབ་ཞོར་ཟུང་དུ་སྦྲེལ་ནས་སློབ་སྦྱོང་སློབ་གསོའི་མཐོ་ཚད་མཐོར་འདེགས་བྱས། སློབ་ཁྲིད་སྐབས་སུ་སློབ་སྦྱོང་གི་འཆར་གཞི་བཀོད་དེ། རང་སྦྱོང་དང་གཅིག་བསྡུས་སློབ་སྦྱོང་ཟུང་སྦྲེལ་དང་། བགྲོ་གླེང་དང་དཔྱད་བརྗོད་བརྗེ་རེས་ཟུང་སྦྲེལ། རྒྱུགས་ལེན་དང་ཡུལ་དངོས་དྲི་བ་འདོན་པ་ཟུང་སྦྲེལ་བཅས་བྱས་ཏེ། སློབ་སྦྱོང་གི་ཐབས་ལམ་སྣ་མང་སྤྱད་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བར་སྐུལ་འདེད་བཏང་། སློབ་ཁྲིད་ཀྱི་ཞོར་དུ་ངས་མང་ཚོགས་ལ་དོན་དངོས་སྒྲུབ་ཅེས་པའི་ལག་ལེན་བྱ་འགུལ་དང་སྦྲེལ་ནས། མང་ཚོགས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཁོ་ཚོར་ཆེས་ཐད་ཀར་དུ་འབྲེལ་ཞིང་ཆེས་དངོས་ཡོད་ཀྱི་ཁེ་ཕན་གནད་དོན་ཐག་གཅོད་པར་སྐུལ་འདེད་བཏང་ནས། མང་ཚོགས་ལ་འགྱུར་ལྡོག་མཐོང་དུ་བཅུག་པ་དང་ཁེ་ཕན་ཐོབ་ཏུ་བཅུག

གཞུང་ལུགས་དང་ལག་ལེན་ཟུང་དུ་སྦྲེལ་ནས་སློབ་སྦྱོང་སློབ་གསོའི་ཟབ་ཚད་མཐོར་འདེགས་བྱས། གཞུང་ལུགས་སློབ་སྦྱོང་ལ་ཤུགས་བསྣན་པ་བརྒྱུད་དེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མགོ་བཟང་བོ་རྩོམ་པར་ཡར་སྐུལ་བྱས། ལས་བྱེད་པར་སེམས་ལྷོད་མོས་སློབ་སྦྱོང་ནན་མོ་བྱེད་དུ་བཅུག་པ་དང་བསམ་གཞིགས་ཞིབ་མོ་གཏོང་དུ་བཅུག་སྟེ། སློབ་སྦྱོང་ལ་བསམ་གཞིགས་ཡོད་པ་དང་གོ་རྟོགས་ཡོད་པ། གྲུབ་འབྲས་ཡོད་པ་བཅས་བྱས། ཏང་གི་ལོ་རྒྱུས་སློབ་སྦྱོང་དེ་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བ་དང་། ལས་ཁུངས་རང་སྟེང་གི་འཛུགས་སྐྲུན། ལས་བྱེད་པའི་ཀུན་སྤྱོད་འཛུགས་སྐྲུན་སོགས་དང་དམ་དུ་སྦྲེལ། ཏང་གི་ལོ་རྒྱུས་སློབ་སྦྱོང་དེ་སྐབས་བརྗེ་འདེམ་བསྐོ་དང་། གཞི་རིམ་ཏང་འཛུགས། འཇོན་མི་ནང་འདྲེན། ཏང་ཡོན་གྱི་སློབ་གསོ་དོ་དམ་སོགས་དཀྱིལ་སྙིང་གི་བྱ་བ་དང་སྦྲེལ་ནས། སློབ་སྦྱོང་གི་ནང་དོན་དེ་བྱ་བ་སྣ་ཚོགས་བཟང་བོར་སྒྲུབ་པའི་སྒུལ་ཤུགས་དང་ཕན་འབྲས་ཆེན་པོར་བསྒྱུར།

ཕྱུག་ལོས་བསྒྱུར།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།