མདོ་ལ་རྫོང་གིས་ཁྲལ་བསྡུ་དང་ཁེ་ལས་མཉམ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱས་ཏེ་དམངས་ཕན་ཞབས་འདེགས་ཞུས།
2021.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཁྲལ་བསྡུ་དང་ཁེ་ལས་ཀྱི་མཉམ་ལས་ལ་སྔར་ལས་ཤུགས་སྣོན་པ་དང་། མཉམ་འཛུགས་མཉམ་སློབ་མཉམ་སྐུལ་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཆེད། ཉེ་སྔོན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཁྲལ་བསྡུ་ཅུའུ་ཡིས་ས་དེའི་ཁེ་ལས་དང་མཉམ་དུ་ཏང་འཛུགས་དང་ཁྲལ་བསྡུའི་མཉམ་སློབ་མཉམ་འཛུགས་བྱ་འགུལ་སྤེལ་ནས། ཏང་འཛུགས་དང་ལས་སྒོ་ཟབ་མོར་སྦྲེལ་བ་དང་། བྱེད་ཐབས་གསར་གཏོད་ཀྱིས་ཚོང་གཉེར་ཁོར་ཡུག་ལེགས་སྒྱུར་བྱས་ཏེ། ཁྲལ་འཇལ་མཁན་དང་གླ་སྟེར་མཁན་ལ་དོན་དངོས་སྒྲུབ་པའི་བྱ་འགུལ་གཏིང་ཟབ་ཏུ་སྤེལ།

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཕན་འབྲས་དེ་མང་ཚོགས་ལ་དོན་དངོས་སྒྲུབ་པའི་སྟེང་མངོན་པར་ཁག་ཐེག་བྱེད་ཆེད། མདོ་ལ་རྫོང་ཁྲལ་བསྡུ་ཅུའུ་ཡིས་ཁྲལ་བསྡུ་དང་ཁེ་ལས་མཉམ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་བཏོན་ནས། ན་གཞོན་ཁྲལ་སྒྲོག་ཡན་ལག་རུ་ཁག་མྱུར་དུ་བཙུགས་ཏེ། ས་དེའི་ཁེ་ལས་ཉེར་དགུ་རུ་སྡོད་དུ་བཅུག་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འགུལ་སྐྱོད་ལ་དམ་དུ་སྦྲེལ་ནས། ཏང་གི་ལོ་རྒྱུས་ནམ་ཡང་སེམས་ལ་འཛིན་ཞེས་པའི་མཉམ་སྤྱོད་ཚོགས་འདུ་དང་ཁྲལ་བསྡུའི་ཤེས་བྱ་ཅི་ཙམ་ཤེས་ཞེས་པའི་ཆེད་དོན་ཟུར་ཁྲིད། ང་དང་ཏང་གི་དར་ཆ་ཞེས་པའི་བརྙན་པར་གསར་རྩོམ་སོགས་ཀྱི་གོ་རིམ་བཀོད་སྒྲིག་བྱས་པར་མ་ཟད། ཁྲལ་འཇལ་མཁན་དང་གླ་སྟེར་མཁན་ལ་ཆེད་དུ་ཁྲལ་བསྡུའི་སློབ་ཁྲིད་བྱས་ཏེ། ཁྲལ་བསྡུའི་སྲིད་ཇུས་སྣ་ཚོགས་དང་གློག་རྡུལ་ཁྲལ་དོན་གྱི་བརྒྱུད་རིམ། ཁྲལ་འབྲེལ་ཉེན་ཁ་ཞིབ་བཤེར་སོགས་ཀྱི་ལས་སྒོ་འགྲེལ་བཤད་བྱས།

ཁྲལ་བསྡུ་དང་ཁེ་ལས་ཏང་འཛུགས་མཉམ་འཛུགས་ཀྱི་ལམ་རྒྱ་བསྐྱེད་པར་ཚོད་ལྟ་བྱེད་ཆེད། མདོ་ལ་རྫོང་ཁྲལ་བསྡུ་ཅུའུ་མུ་མཐུད་ཁེ་ལས་སུ་བསྡད་དེ། ཁྲལ་བསྡུའི་སྲིད་ཇུས་གཞི་རིམ་དུ་བསྐྱལ་བ་དང་། ཁེ་ལས་ཀྱི་དཀའ་གནད་སེལ་བར་འབད་བརྩོན་བྱས་ཏེ། ཁྲིམས་འཛིན་ཐབས་ཤེས་ལེགས་སྒྱུར་བྱེད་པའི་ཁྲོད་ནས་བྱ་བའི་རྒྱུ་སྤུས་དང་ཕན་འབྲས་ལེགས་སྒྱུར་བྱས། འདྲི་ཞིབ་བྱེད་ཐེངས་མང་བའི་གནད་དོན་ལ་ཁ་གཏད་རང་བཞིན་གྱི་ལན་བཏབ་པ་དང་། ཁེ་ལས་ཀྱི་རིགས་སྣ་ཞིབ་མོར་བཀར་ནས་གནད་ཁེལ་ཟུར་ཁྲིད་བྱས་ལ། ཁྲལ་བསྡུ་དང་ཁེ་ལས་ཀྱི་ཏང་འཛུགས་མཉམ་འཛུགས་ཀྱི་བཙན་རྫོང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲལ་དོན་སྡེ་ཁག་དང་ཁེ་ལས་ཀྱི་འབྲེལ་འདྲིས་བརྗེ་རེས་ལ་བསྟུད་མར་ཤུགས་བསྣན་པ་དང་། ཁྲལ་འབྲེལ་གྱི་གནད་དོན་གལ་ཆེའི་རིགས་མ་ལག་རང་བཞིན་གྱིས་ཐག་བཅད་ནས། ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་བསྐྲུན།

ཕྱུག་ལོས་བསྒྱུར།