མཚོ་ནུབ་ཁུལ་གྱི་ཞིང་ཞོར་ཐོན་རྫས་རང་འདེམས་ཚོང་རར་བསྐྱོད་པའི་མཛད་སྤྱོད་ཀྱིས་དབུལ་སྐྱོར་བྱ་བར་རམ་འདེགས་བྱས།
2021.06.10 ཁུངས། ཀློག་གྲངས། 19

ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་བརྩམས་པ་ནས་བཟུང་། མཚོ་ནུབ་ཁུལ་གྱི་གྲོང་གསེབ་དར་སྤེལ་ཅུའུ་ཡིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱས་ཏེ། མཛད་སྤྱོད་ཀྱིས་དབུལ་སྐྱོར་ལ་རོགས་འདེགས་བྱེད་པའི་བྱ་བ་རྒྱུད་མཐུད་སྒོས་སྤེལ་བ་དང་མཛད་སྤྱོད་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ། མཉམ་ལས་ཁང་གི་ཁེ་ཕན་མཉམ་འབྲེལ་གྱི་གཏིང་ཚད་དང་ཐོན་སྐྱེད་ཕྱིར་འཚོང་གི་འབྲེལ་མཐུད་ཀྱི་རྒྱ་ཆེ་རུ་བསྐྱེད་པ། མི་དམངས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱས་ཏེ་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དང་དོན་བཟང་སྒྲུབ་པ། དཀའ་ཁག་སེལ་བར་འབད་པ་བྱས།

ཁུལ་ཚོང་དོན་ཅུའུ་དང་མཐུན་སྦྱོར་འབྲེལ་མཐུད་བྱས་ཏེ། གཏེར་ལེན་ཁ་གྲོང་ཁྱེར་དགའ་སྐྱིད་འཚོ་བ་རང་འདེམས་ཚོང་ཁང་མཚོ་ནུབ་ཁུལ་གྱི་མཛད་སྤྱོད་དབུལ་སྐྱོར་ཞིང་ཞོར་ཐོན་རྫས་བཀྲམ་ཚོང་ཁུལ་དུ་གཏན་ཁེལ་བྱས། ཁུལ་རང་གི་སྡེ་བའི་ཐུན་མོང་དཔལ་འབྱོར་དང་། ཞིང་ལས་མཉམ་ལས་ཁང་དང་མཛད་སྤྱོད་རོགས་སྐྱོར་མཁོ་འདོན་ཁེ་ལས་ཀྱིས་འཕང་འབྲས་དམར་པོ་དང་འཕང་འབྲས་ནག་པོ། ཤ་སྐམ་སོགས་ཞིང་ཞོར་ཐོན་རྫས་ཁྲོམ་རར་བསྐྱལ་དེ་བཀྲམ་ཚོང་བྱས།  ཐེངས་འདིའི་ཞིང་ཞོར་ཐོན་རྫས་དང་རང་འདེམས་ཚོང་ཁང་འབྲེལ་མཐུད་ཀྱིས་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཁྲོམ་རར་འདོན་པར་སྟེགས་བུ་བསྐྲུན་པ་དང་ཚབ་རོགས་ཉོ་སྒྲུབ་དང་ཚབ་འབུལ་ཉོ་སྡུད་མངོན་འགྱུར་བྱུང་།

རིག་འཛིན་ཐར་གྱིས་བསྒྱུར།