ཐེམ་ཆེན་རྫོང་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པར་སྐུལ་འདེད་ཆེན་པོ་བཏང་།
2021.06.10 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 20

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཐེམ་ཆེན་རྫོང་གིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་མང་ཚོགས་ལ་དོན་དངོས་སྒྲུབ་པའི་བླང་བྱ་ལག་ལེན་མཐར་ཕྱིན་ནན་མོ་བྱས་ཏེ། ཏང་ནང་གི་རྩ་འཛུགས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྣ་མང་དུ་སྤེལ་རྒྱུ་དམིགས་འབེན་དུ་བྱས་ནས། བརྗོད་དོན་ཏང་གི་ཉིན་མོའི་ཐད་གཏོད་བྱ་འགུལ་ལ་དམིགས་ནས། མང་ཚོགས་ལ་དོན་དངོས་སྒྲུབ་པར་སྐུལ་འདེད་ཆེན་པོ་བཏང་།

རྩ་འཛུགས་ཀྱི་ཁྲིད་སྟོན་ཇེ་དྲག་ཏུ་བཏང་ནས་སློབ་སྦྱོང་སློབ་གསོའི་སྐུལ་འདེད་ནུས་པ་ཇེ་ཆེར་བཏང་། གཏན་ཁེལ་ལས་ཚན་ཕྱི་ཚུལ་ཙམ་མིན་པ་དང་རང་གདམ་ལས་ཚན་ལ་ཁྱད་ཆོས་ཡོད་པ་རྒྱུན་འཁྱོངས་བྱས་ཏེ། བརྗོད་དོན་ཏང་གི་ཉིན་མོའི་ཐད་གཏོང་བྱ་འགུལ་གྱི་ཇུས་གཞི་གཏན་འབེབས་ནན་མོ་བྱས་པ་དང་། བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་གྱི་ནང་དོན་དང་ཐབས་ཤེས་གསར་གཏོད་བྱེད་པར་ཇུས་འགོད་བྱས་ནས། བྱེད་ཐབས་ཞིབ་མོ་བཏོན་པ་དང་། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དམངས་ཚིས་དོན་དངོས་ལ་དམ་དུ་སྦྲེལ་བར་ཁྲིད་སྟོན་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་དོན་ངོ་མས་གཏིང་ཟབ་ཏུ་སྤེལ།

སྟེགས་བུ་གསར་གཏོད་བྱས་ཏེ་སློབ་སྦྱོང་སློབ་གསོའི་སྐུལ་ཁྲིད་ནུས་པ་ཇེ་དྲག་ཏུ་བཏང་། སྟེགས་བུ་སྣ་ཚོགས་བཀོལ་སྤྱོད་ལེགས་པོ་བྱས་ཏེ། ཏང་ཡོན་རྒན་པ་གདན་དྲངས་ནས་ཏང་གི་ལོ་རྒྱུས་ཁྲིད་དུ་འཇུག་པ་དང་། དངོས་བཤུས་གློག་བརྙན་ལ་ལྟ་བ། བཀའ་འགྱུར་གནས་རྙིང་ལ་ལྟ་སྐོར་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སྙན་ངག་གྱེར་འདོན་དང་ཤེས་བྱའི་འགྲན་སྡུར་སྤེལ་བ་སོགས་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཐབས་ལམ་རྒྱ་བསྐྱེད་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དུས་རབས་ཀྱི་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཁོ་ཚོ་བརྩོན་སེམས་ཆེན་པོ་དང་རང་འགུལ་སྒོས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཁྲོད་ཞུགས་སུ་བཅུག

ལག་ལེན་བྱ་འགུལ་སྤེལ་ནས་སློབ་སྦྱོང་སློབ་གསོའི་ཤན་ཤུགས་ཇེ་ཆེར་བཏང་། ཐད་གཏོང་བྱ་འགུལ་གྱི་ལྟ་སྐུལ་ཁྲིད་སྟོན་ནུས་པ་བཏོན་ནས། རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་བྱ་འགུལ་གྱི་ཐབས་ལམ་གསར་གཏོད་བྱེད་པར་སྐུལ་ཁྲིད་བྱས་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ། ལས་བཟོ་པ་གོ་གཉིས་སྡེ་ཁུལ་དུ་འབྱོར་ཐོ་འགོད་པ་ཞེས་པའི་བྱ་འགུལ་ལ་ཞུགས་པ་དང་། རེ་འདུན་ཆུང་ངུ་གྱ་གཉིས་དང་དུ་བླངས་ལ། མང་ཚོགས་ཀྱི་ཆེད་དུ་དོན་དངོས་ཞེ་གཉིས་བསྒྲུབས་པ་དང་། གནད་དོན་བཅུ་བཞི་ཐག་བཅད་ལ། མང་ཚོགས་བརྒྱ་ལྷག་ལ་འོས་འགན་ནད་བརྟག་བྱས་པ་དང་། ལས་བཟོ་པ་ལྔ་བརྒྱ་རྩ་འཛུགས་བྱས་ཏེ་ཁོར་ཡུག་ལ་གཙང་སྦྲ་བྱས་ཤིང་། འཚོ་བའི་ཅ་ལག་སྟོང་གཅིག་ལྷག་བྱིན་པ་དང་། བཅའ་ཁྲིམས་སྒྲོག་འགྲེལ་ཐེངས་ཉི་ཤུ་ལྷག་སྤེལ་ནས། དམ་བཅའ་དངོས་སུ་ལག་བསྟར་བྱས་ཏེ། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་ཁྲོད་ནས་མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་དྲག་ཏུ་བཏང་སྟེ། དམངས་ཚིས་དོན་དངོས་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་བཏང་།

ཕྱུག་ལོས་བསྒྱུར།