ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་ཤར་གྲོང་ཁྱེར་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དམངས་སྲིད་ཅུའུ་ཡིས་ལྷག་བསམ་རྣམ་དག་གིས་མི་དམངས་ལ་དོན་དངོས་སྒྲུབ་ཅེས་པ་ཤུགས་འདོན་ས་བྱས་ཏེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ལ་མཐོང་ཆེན་དང་རང་གི་བྱ་བར་སྐུལ་འདེད་གཏོང་བ་གཉིས་ནུས་ལྡན་སྒོས་སྦྲེལ་མཐུད་བྱས་པར་མ་ཟད། སློབ་སྦྱོང་གི་གྲུབ་འབྲས་དེ་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པའི་སྟེང་དོན་འཁྱོལ་བྱས་ཏེ་ངེས་པ་དོན་གྱིས་མི་དམངས་མང་ཚོགས་ལ་བདེ་སྐྱིད་བསྐྲུན།
ད་ལོར་ཞོན་ཧྭ་རྫོང་དམངས་སྲིད་ཅུའུ་ཡི་ལས་བྱེད་མི་སྣས་སྔ་གཞུག་ཏུ་དཀའ་ཁག་ཡོད་པའི་ཏང་ཡོན་དང་ཏང་ཡོན་རྒན་པ། དམངས་སྲིད་རོགས་སྐྱོར་བྱེད་ཡུལ་སོགས་ལ་འཚམས་འདྲི་བྱས་ཏེ་ཁོ་ཚོས་དངོས་ཡོད་དཀའ་གནད་ཐག་བཅད། མིག་སྔའི་བར་མི་ཉེར་བརྒྱད་ལ་འཚམས་འདྲི་བྱས་པ་དང་། འཚམས་འདྲིའི་མ་དངུལ་སྒོར་ཁྲི་ལྔ་དང་སྟོང་བཞི་བྱིན་ལ། དངོས་ཡོད་དཀའ་གནད་ལྔ་རོགས་སྐྱོར་བྱས་ཏེ་ཐག་བཅད་པར་མ་ཟད། སྤྱི་ཚོགས་ཀྱི་ཕན་བདེ་མི་སྣ་རྩ་འཛུགས་བྱས་ཏེ་ཞོན་ཧྭ་རྫོང་གི་ཞིང་སྡེའི་དཀའ་ཁག་ཆེ་བའི་ལོ་ལོན་དང་དབང་བོ་སྐྱོན་ཅན་ལ་མར་རྒྱ་མ་སྟོང་གཅིག་དང་། དེ་མིན་འཚོ་བའི་མཁོ་དངོས་མང་པོ་བྱིན།
སྤྱི་ཚོགས་རིགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཐད་ནས། ཞོན་ཧྭ་རྫོང་དམངས་སྲིད་སྡེ་ཁག་གིས་སྤྱི་ཚོགས་རོགས་སྐྱོར་ཚན་ཁག་གི་འགན་ཁུར་མི་སྣ་སོགས་རྩ་འཛུགས་བྱས་ཏེ་ཡུལ་ཚོ་དང་གྲོང་རྡལ་དགུའི་སྡེ་ཁུལ་དྲུག་ཏུ་སོང་ནས་དུས་ཡུན་གཟའ་འཁོར་གཅིག་གི་དམངས་སྲིད་བྱ་བའི་ཞིབ་བཤེར་མཛུབ་སྟོན་བྱ་འགུལ་སྤེལ། ཞིབ་བཤེར་མཛུབ་སྟོན་བྱས་པ་བརྒྱུད་དེ་ཞོན་ཧྭ་རྫོང་དུ་མ་མཐའི་འཚོ་བའི་འགན་སྲུང་ཁྱིམ་ཚང་ཉིས་བརྒྱ་སོ་གཅིག་གི་མི་བཞི་བརྒྱ་གྱ་བརྒྱད་ཇེ་མང་དུ་སོང་ཡོད་པ་དང་། དྭ་ཕྲུག་དང་བདག་པོ་མེད་པའི་བྱིས་པ་བཞི། ཧ་ཅང་དཀའ་ཁག་ཆེ་བའི་ཁྱིམ་ཚང་བཅུའི་མི་བཅུ་གཉིས་ཇེ་མང་དུ་སོང་བ་ཤེས་རྟོགས་བྱུང་སྟེ། ཁྱིམ་ཚང་ཞེ་གསུམ་གྱི་མི་བརྒྱ་དང་སོ་བདུན་ལ་གནས་སྐབས་རོགས་སྐྱོར་བྱེད་ཐབས་སྤྱད་དེ་རིགས་སོ་སོའི་དམངས་སྲིད་རོགས་སྐྱོར་མ་དངུལ་སྒོར་བྱེ་བ་གཅིག་དང་ས་ཡ་གཅིག་འབུམ་བདུན་ཁྲི་གསུམ་སྟོང་གཅིག་དོན་འཁྱོལ་བྱས།
ལྷ་མོ་ཚེ་རིང་གིས་བསྒྱུར།